ནུས་ཤུགས་ཡོད་རྒུས་སྲིབ་སྨད་ནས་ལྕགས་ཟམ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་་གྱི་ལས་མགོ་བསྐྱར་དུ་འཛུགས་པའི་འབོད་བརྡ་གྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-16



ནུས་ཤུགས་ཡོད་རྒུས་སྲིབ་སྨད་ནས་ལྕགས་ཟམ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་་གྱི་ལས་མགོ་བསྐྱར་དུ་འཛུགས་པའི་འབོད་བརྡ་གྲག།
ལས་རེས་མི་སྣ་ཚོས་ཆུ་མོག་བཟོ་བཞིན་པའི་ཚུལ།


ཚ་ལ་རྒྱག་པའི་སྒྲ་དང་ལྕགས་གཏུབ་པའི་སྒྲ།ཐོ་བས་རྡུང་བའི་སྒྲ་བཅས་དང་འཕྲུལ་འཁོར་གྱི་ལྡིར་སྒྲས་ལ་ལུང་གི་ལྷིང་འཇགས་ཡོངས་སུ་དཀྲོགས། སྤྱི་ཟླ2པའི་ཚེས9ཉིན་སྲིབ་སྨད་ནས་ལྕགས་ཟམ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དུམ་མཚམས་མི་ཉུང་བའི་ཨར་སྐྲུན་བྱ་ཡུལ་དུ་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་པའི་རྣམ་པ་མངོན་བཞིན་ཡོད།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྫོགས་མ་ཐག་སི་ལམ་ཚོགས་པ་བོད་སྒང་སྲིབ་སྨད་ནས་ལྕགས་ཟམ་ཁའི་སྤྱི་གཉེར་ཁང་གིས་འཛུགས་སྐྲུན་མི་སྣ་ལས་གནས་སུ་ཕྱིར་ལོག་བྱ་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་ནས2022ལོར་གྲུབ་འབྲས་གཡུར་དུ་ཟ་བ་འཐོབ་པའི་ཆེད་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

དཔྱིད་གསར་དུས་ཆེན་རིང་ལས་ཡུན་འགོར་མེད་ལ་ལོ་སར་གྱི་སྤྲོ་སྣང་ཡང་ཡལ་མེད།

ལོ་གསར་པའི་ནང་། སི་ལམ་ཚོགས་པ་བོད་སྒང་སྤྱི་གཉེར་ཁང་སྲིབ་སྨད་ནས་ལྕགས་ཟམ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་བྱེད་ལས་བཟོ་ཡོངས་ངར་ཤུགས་ཀྱིས་ཁེངས་པ་དང་།ལེགས་སྒྲིག་བསམ་ཕྱོགས།ཐབས་མང་མཉམ་སྤྱོད་བཅས་བྱས་ནས་མགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པ་དང་ལོ་འཁོར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཡོད་ཅིང་། ལམ་ཐིག་ཧྲིལ་པོའི་ལས་ཚུགས་ལྔ(འབོ་བཀག་གླིང་ཟམ་ཆེན་དང་པོ་དང་གཉིས་པ།ཅིན་ཀོང་ཟམ་ཆེན།གདན་ཐོག་ཟམ་ཆེན།སྲིབ་སྨད་ཕུག་ལམ་གྱི་ཐོན་སྒོ)ཡི་བཀོད་འཐབ་པ་ཁྱོན200ལྷག་གིས་ལས་མཚམས་མི་འཇོག་པར་དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་དང་།དཔྱིད་གསར་གཏོང་རིང་གི་ལས་ཀའི་དུས་ཚོད་ཡག་ཤོས་དམ་འཛིན། ཚན་རིག་དང་གོ་རིམ་ལྡན་པའི་སྒོ་ནས་ཨར་ལས་བཅས་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

སློབ་ཆེན་ནས་མཐར་ཕྱིན་རྗེས་སྲིབ་སྨད་ནས་ལྕགས་ཟམ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ལས་ཀ་བྱེད་པའི་ལྕགས་ཟམ་རྫོང་གི་འཐུས་ཚབ་ལི་ཕེ་ཝུན་གྱིས་འདི་ལོ་དཔྱིད་གསར་དུས་ཆེན་སྐབས་ང་ལས་གནས་ཐོག་ཡོད། ལས་ཀར་ཞུགས་རྗེས་ལས་རེས་བྱེད་པའི་དཔྱིད་གསར་དུས་ཆེན་ཐོག་མ་དེ་རེད། ནང་མི་དང་མཉམ་འཛོམས་བྱེད་མ་ཐུབ་ཀྱང་སྤྱི་གཉེར་ཁང་དང་མགོ་ཁྲིད་ལས་རོགས་ཚོའི་ཐུགས་ཁུར་འོག་ལས་རེས་མི་སྣ་ཚོས་དགུ་ཐུག་སྐོལ་བ་དང་།ཆུ་མོག་བཟོ་བ།དཔྱིད་གསར་དགོང་ཚོགས་ལ་ལྟ་བ་སོགས་བྱས་ནས་ཚང་མས་བདེ་སྐྱིད་ལྡན་པའི་སྟག་ལོའི་དཔྱིད་གསར་དུས་ཆེན་གཏོང་གི་ཡོད་ཅེས་བཤད། སྲིབ་སྨད་ནས་ལྕགས་ཟམ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དུམ་མཚམསTJ10ལས་ཚུགས་ཀྱི་མགོ་འཛིན་ཞུས་ཝེ་ཡིས་ངའི་འགན་འཁྲི་ནི་སྲིབ་སྨད་ཕུག་ལམ་ཐོན་སྒོ་རུ་དཔྱིད་གསར་དུས་ཆེན་རིང་ལས་མཚམས་མི་འཇོག་པ་བྱ་རྒྱུ་དེ་ཡིན་པས་ངེས་པར་དུ་ལས་ཡུལ་བརྟན་སྲུང་བྱེད་ཚེ་གཞི་ནས་སེམས་ལྷོད་ལ་འབབ་ཐུབ་སོང་ཞེས་བཤད། སི་ལམ་ཚོགས་པ་བོད་སྒང་སྲིབ་སྨད་ནས་ལྕགས་ཟམ་ཁའི་སྤྱི་གཉེར་ཁང་ཏང་ཨུའི་ཧྲུའུ་ཅི་དང་རྐང་དཔོན་ཡོན་ཧྥེ་ཡུན་གྱིས་སྲིབ་སྨད་ནས་ལྕགས་ཟམ་ཁའི་མྱུར་བགྲོད་གཞུང་ལམ་སྤྱི་གཉེང་ཁང་གིས་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་རིག་གནས་ཤིག་ཆགས་སུ་བཅུག་ཡོད། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་འོག་ལས་གཞི་བྱེད་མཚམས་མི་འཇོག་པར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་འབྲེལ་འཚམས་འདྲི་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་རྒྱག་པ་དང་ཆབས་ཅིག། ལོ་གསར་པའི་རིང་འཛུགས་སྐྲུན་ལས་གཞི་པུའུ་ཁག་གིས་ད་དུང་དུས་ཆེན་རིང་ལས་གནས་ཐོག་གི་ལས་མིར་དཔྱིད་གསར་དུས་ཆེན་གྱི་ཁ་གསབ་དང་དུས་ཆེན་གྱི་ཁུག་དམར་སྤྲོད་པ་སོགས་ཀྱི་ཕན་བདེ་རབ་དང་རིམ་པ་སྤྲད་ནས་ལས་གནས་ཐོག་གི་ལས་བཟོར་དྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བཤད།

ལས་ཚུགས10ཡི་ལམ་ཐིག་ཧྲིལ་པོ་ལས་མགོ་བསྐྱར་དུ་བཙུགས་ཏེ་བདེ་འཇགས་དང་མྱུར་ཚད་གཉིས་ཀའི་ཐད་ལ་དམ་འཛིན་བྱས།

སྤྱི་ཟླ2པའི་ཚེས9ཉིན་གྱི་སྔ་དྲོར། སྲིབ་སྨད་ནས་ལྕགས་ཟམ་ཁའི་མྱུར་བགྲོད་གཞུང་ལམTJ3གྱི་ཡོན་གནས་ཕུག་གི་ཕུག་ལམ་སྐྲུན་ཡུལ་དུ་བྲེལ་འཚུབ་ཆེ་བའི་འཛུགས་སྐྲུན་གྱི་རྣམ་པ་ཞིག་མངོན་ཞིང་།ལས་ཡུལ་དང་པོའི་འཛུགས་སྐྲུན་མི་སྣ20ལྷག་ཙམ་གྱིས་བྱེད་སྒོ་སྤེལ་ཡུལ་དུ་གཙང་སྦྲ་དང་ལྕགས་རྩིབ་བསྡམ་འཛུགས་སོགས་བྱེད་བཞིན་ཡོད་པར་མ་ཟད།རིག་ནུས་ཅན་གྱི་འཕྲུལ་འཁོར་སྤྱད་དེ་ཨར་ལས་བྱེད་བཞིན་ཡོད། འཁྲུག་ཆ་དོད་པའི་རྣམ་པ་དེTJ4ཅིན་ཀོང་ཟམ་ཆེན་གྱི་ལས་ཡུལ་དུའང་འདྲ་འདྲ་ཡིན་ཞིང་། བཟོ་བ་རྣམས་ཀྱིས་འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་ལས་ཀ་ལས་བཞིན་ཡོད། སི་ཁྲོན་འགྲིམ་འགྲུལ་འཛུགས་སྐྲུནC2སྤྱི་ཁྱབ་འགན་གཙང་ལེན་པུའུ་ཡི་རྒྱུན་ལས་གཉེར་དཔོན་གཞོན་པ་སུན་ལའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གཞི་པུའུ་ཡི་ལས་བྱེད་ལས་བཟོ་ཚང་མ་ཟླ་བ་དང་པོའི་ཚེས6ཉིན་ནས་བཟུང་ལས་གནས་སུ་འབྱོར་ཞིང་།ལས་བཟོ་ཡོངས་ལ་བདེ་འཇགས་གསོ་སྦྱོང་བྱེད་པ་དང་།སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་བརྒྱབ་པ།ཐོན་སྐྱེད་སླར་གསོ་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད། འཛུགས་སྐྲུན་མི་སྣ་ཚང་མ་འཕྲལ་མར་ལས་ཀའི་ཁྲོད་དུ་ཞུགས་ཐུབ་པ་བཅས་བྱས་ནས་དུས་ཚིགས་དང་པོའི་ལས་གཞི་འཛུགས་སྐྲུན་གྱི་མགོ་ཡག་པོ་ཞིག་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

སྤྱི་ཟླ2པའི་ཚེས9ཉིན་བར་སྲིབ་སྨད་ནས་ལྕགས་ཟམ་ཁའི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གི་དོ་དམ་མི་སྣ་ཚང་མ་ལས་གནས་སུ་བསྐྱོད་ནས་ཐོན་སྐྱེད་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཡོད།ལྕགས་ཟམ་རྫོང་གི་མྱུར་བགྲོད་གཞུང་ལམ་གྱི་ལས་ཚུགས10ཡི་ལམ་ཐིག་ཧྲིལ་པོར་ལས་ཀ་བྱེད་མགོ་ཚུགས་པ་དང་།མི1250ལས་གནས་སུ་བསྐྱོད་ཡོད། ལམ་ཐིག་ཡོངས་ཀྱི་ཕུག་ལམ12དང་། གདན་ཐོག་ཟམ་ཆེན་སོགས་ཆུ་འབྲེལ་ཟམ་པ་གལ་ཆེན5ཡི་འཛུགས་སྐྲུན་བརྟན་པོའི་ངང་བྱེད་བཞིན་ཡོད་པར་མ་ཟད། ལྒང་ཞུའི་དུས་ཆེན་གྱི་སྔ་རྗེས་སུ་ལས་བཟོ་བ་ཚང་མ་ལས་གནས་ཐོག་བསྐྱོད་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཆབས་ཅིག། སྲིབ་སྨད་ནས་ལྕགས་ཟམ་ཁའི་མྱུར་བགྲོད་གཞུང་ལམ་ཁང་གིས་ཀྱང་འཛུགས་སྐྲུན་ནང་ཞུགས་མཁན་ལ་རིམས་ནད་འགོག་ཟོན་དྲ་བ་བཙུགས་ནས་ཁོངས་གཏོགས་སྲིད་གཞུང་དང་རིམས་འགོག་སྡེ་ཚན་དང་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་བརྒྱབ་སྟེ་ས་གནས་དེ་གའི་རིམས་འགོག་སྲིད་ཇུས་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་ཨར་ལས་མི་སྣ་བདེ་འཇགས་ངང་ལས་གནས་ཐོག་ཕྱིར་ལོག་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་ཡོད། སྲིབ་སྨད་ནས་ལྕགས་ཟམ་ཁའི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་ཁག་གིས་མགོ་ཚུགས་མ་ཐག་ངར་ཤུགས་ཆེས་ཆེར་ལངས་པའི་རྣམ་པའི་ཐོག་ནས་ལས་གཞི་བསྐྱར་དུ་ལས་མགོ་རྩོམ་པའི་འགན་ལེན་བྱས་ཏེ་བདེ་འཇགས་དང་མྱུར་ཚད་གཉིས་ཀའི་ཆ་ནས་ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོའི་ལས་གཞི་འཛུགས་སྐྲུན་གྱི་མགོ་ཡག་པོ་འཛུགས་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1