ཁྲེང་ཏུའུ་ལ་ནད་པ་གསར་པ་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22



ཁྲེང་ཏུའུ་ས་གནས་རང་གི་ནད་པ་གསར་པའི་གནས་ཚུལ།

     སྤྱི་ཟླ2པའི་ཚེས20ཉིན་གྱི་ཆུ་ཚོད0དང་སྐར་མ24ཡི་དུས་སུ། ཁྲེང་ཏུའུ་ས་གནས་རང་གི་ཏོག་གསར་གློ་ཚད་ཀྱི་ནད་པ་གསར་པ4དང་། ནད་རྟགས་མེད་པའི་ནད་པ་གསར་པ3བྱུང་བ་རེད། 

མིག་སྔའི་བར་ཁྲེང་ཏུའུ་གྲོང་ཁྱེར་དུ་ཉེན་ཁ་འབྲིང་བའི་ས་ཁུལ5ཡོད་པ་སྟེ།

གཅིག། ཀའོ་ཞིན་ཆུས་ཀྱི་ཁྲང་ཁྲེང་ཞིན་ཡོན་གཞིས་ཁུལ།

གཉིས། ཅིན་ཉིའུ་ཆུས་ཀྱི་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ།

གསུམ། ཐེན་ཧྥུ་གྲོང་གསར་ཆུས་ཀྱི་ལུང་ཧོ་སྡེ་ཁུལ་ཁའེ་ཧྭ་ལིང་ཅིང་གཞིས་ཁུལ།

བཞི། ཅིན་ཐང་རྫོང་གི་སྐྱེ་ཁམས་ཆུ་གྲོང་ལན་ཨན་གཞིས་ཁུལ།

ལྔ། ཝུན་ཅང་ཆུས་ཀྱི་ལིང་ཅིན་དཔོན་ཚང་གཞིས་ཁུལ། 

ནད་རྟགས་གཏན་ཁེལ་བྱས་པའི་ས་གནས་རང་གི་ནད་པ་གསར་པ4།

ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་པོ། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཤིན་ཆུས་ཀྱི་ཁྲང་ཤིན་ཡོན་གཞིས་ཁུལ་དུ་བསྡད་ཡོད་ཅིང་། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་རང་འགུལ་ངང་སྨན་པ་བསྟེན་མཁན་ཞིག་ཡིན་ལ། ནད་རྟགས་གཏན་ཁེལ་བྱུང་ཡོད་པ་རེད།

ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་གཉིས་པ། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཤིན་ཆུས་ཀྱི་ཁྲང་ཁྲེང་ཤིན་ཡོན་གཞིས་ཁུལ་དུ་བསྡད་ཡོད་ཅིང་། ནད་རྟགས་གཏན་འཁེལ་གྱི་ནད་པ་དང་པོ་དང་ཕན་ཚུན་འབྲེལ་འདྲིས་བྱེད་མཁན་གྱི་གྲས་སུ་བཞག་ནས་གཅིག་བསྡུས་ཀྱིས་ཟུར་བཀར་དང་། ཉིང་སྐྱུར་བཤེར་འཇལ་བྱེད་པ་སོགས་བརྒྱུད་ནས་ནད་རྟགས་གཏན་ཁེལ་བྱུང་ཡོད་པ་རེད། 

ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་གསུམ་པ། ཁྲེང་ཏུའུ་གྲོང་ཁྱེར་ཐེན་ཧྥུ་གྲོང་གསར་ཆུས་ཀྱི་ཁའེ་ཧྭ་ལིང་ཅིང་གཞིས་ཁུལ་དུ་བསྡད་ཡོད་ཅིང་། ནད་རྟགས་གཏན་འཁེལ་གྱི་ནད་པ་དང་པོ་དང་ཕན་ཚུན་འབྲེལ་འདྲིས་བྱེད་མཁན་གྱི་གྲས་སུ་བཞག་ནས་གཅིག་བསྡུས་ཀྱིས་ཟུར་བཀར་དང་། ཉིང་སྐྱུར་བཤེར་འཇལ་བྱས་པས་ནད་རྟགས་གཏན་ཁེལ་བྱུང་ཡོད་པ་རེད། 

ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་གསུམ་པ། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ་དུ་བསྡད་་ཡོད་ཅིང་། ནད་རྟགས་གཏན་འཁེལ་གྱི་ནད་པ་དང་པོ་དང་ཕན་ཚུན་འབྲེལ་འདྲིས་བྱེད་མཁན་གྱི་གྲས་སུ་བཞག་ནས་གཅིག་བསྡུས་ཀྱིས་ཟུར་བཀར་དང་། ཉིང་སྐྱུར་བཤེར་འཇལ་བྱེད་པ་སོགས་བརྒྱུད་ནས་ནད་རྟགས་གཏན་ཁེལ་བྱུང་ཡོད་པ་རེད།

ནད་རྟགས་མེད་པའི་ས་གནས་རང་གི་ནད་པ་གསར་པ3།

ནད་རྟགས་མེད་པའི་ནད་པ་དང་པོ། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་གི་སྐྱེ་ཁམས་ཆུ་གྲོང་གི་ལན་ཨན་གཞིས་ཁུལ་བསྡད་ཡོད་ཅིང་། དེ་ནི་ནད་རྟགས་གཏན་འཁེལ་བྱས་བའི་ནད་པ་བཞི་པ་དང་འབྲེལ་འདྲེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། དེ་ནི་གཅིག་བསྡུས་སྒོས་ཟུར་བཀར་དང་ཉིང་སྐྱུར་བཤེར་འཇལ་བྱས་པས་ནད་རྟགས་མེད་པའི་ནད་པར་ངོས་བཟུང་བ་རེད།

ནད་རྟགས་མེད་པའི་ནད་པ་གཉིས་པ། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ལིང་ཅིན་ཀུང་ཧྥང་གཞིས་ཁུལ་དུ་བསྡད་ཡོད་ཅིང་། དེ་ནི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་བཞི་པ་དང་འབྲེལ་འདྲིས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། དེ་ནི་གཅིག་བསྡུས་སྒོས་ཟུར་བཀར་དང་ཉིང་སྐྱུར་བཤེར་འཇལ་བྱས་པས་ནད་རྟགས་མེད་པའི་ནད་པར་ངོས་བཟུང་བ་རེད།

ནད་རྟགས་མེད་པའི་ནད་པ་གསུམ་པ། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ལིང་ཅིན་ཁུལ་དུ་བསྡད་ཡོད་ཅིང་། དེ་ནི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་བཞི་པ་དང་འབྲེལ་འདྲིས་དམ་པོ་བྱེད་མཁན་ཞིག་ཡིན་པས། དེ་ནི་གཅིག་བསྡུས་སྒོས་ཟུར་བཀར་དང་ཉིང་སྐྱུར་བཤེར་འཇལ་བྱས་པས་ནད་རྟགས་མེད་པའི་ནད་པར་ངོས་བཟུང་བ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1