བྱེ་མར་འགྱུར་བའི་བཅོས་སྐྱོང་ལག་རྩལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


གཅིག །བྱེ་མར་འགྱུར་བའི་རྒྱུ་རྐྱེན།

1.བྲག་རྡོ་རང་བཞིན་དང་གྲུབ་གཞིའི་རྒྱུ་རྐྱེན།

2.ལྗོངས་ཁུལ་ས་ངོས་ཆགས་ཚུལ་གྱི་རྒྱུ་རྐྱེན།

3.བྲག་ཞུན་གྱི་རྒྱུ་རྐྱེན།

4.ས་འོག་ཆུའི་རྒྱུ་རྐྱེན།

5.སྔོ་ཁེབས་ཀྱི་རྒྱུ་རྐྱེན།

6.ནམ་ཟླའི་རྒྱུ་རྐྱེན།

7.མི་འབོར་གྱི་རྒྱུ་རྐྱེན།

8.ས་ཞིང་བེད་སྤྱོད་ཀྱི་རྒྱུ་རྐྱེན།

གཉིས། བྱེ་མར་འགྱུར་བའི་ཁྱད་ཆོས་དང་གནས་བབ།

རང་རྒྱལ་གྱི་བྲག་ཞུན་གྱི་ས་བབ་དེ་གཙོ་བོ་ལྷོ་ནུབ་ཀྱི་བྲག་ཞུན་ས་ཁུལ་དུ་ཁྱབ་ཡོད་ཅིང་། དེའི་ནང་ཀུའེ་ཀྲོའུའི་ས་ཁུལ་དང་། ཀོང་ཞི། ཡུན་ནན། སི་ཁྲོན། ཧོ་པེ། ཧོ་ནན་སོགས་ཞིང་ཆེན་གྱི་ས་ཁུལ་མང་ཆེ་ཤོས་སུ་ཁྱབ་ཡོད་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་འབུམ་ལྔ་ལྷག་ཡོད། འདི་རུ་འཚོ་སྡོད་བྱེད་པའི་མི་གྲངས་དུང་ཕྱུར་གཅིག་ལས་བརྒལ་ཡོད། ཐོན་སྐྱེད་བྱེད་སྟངས་ལ་ཞིང་ལས་གཙོ་བོ་ཡིན་ཞིང་། མི་དང་སའི་འགལ་བ་འབུར་དུ་ཐོན་ཞིང་། ས་ཆུ་ཤོར་བ་དང་བྱེ་མར་འགྱུར་བའི་གནད་དོན་ཧ་ཅང་ཚབས་ཆེན་རེད། ས་ཁུལ་ཁ་ཤས་ཀྱི་བྱེ་མར་འགྱུར་བའི་རྒྱ་ཁྱོན་དེ་ས་གནས་དེ་གའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་ལས་བརྒལ་བ་རེད། དུས་མཚུངས་སུ་ས་ཁུལ་དེའི་བྲག་ཞུན་ས་ཁུལ་བྱེ་མར་འགྱུར་ཚད་སྔར་བཞིན་ཧ་ཅང་མགྱོགས་པོ་རེད། ཀུའེ་ཀྲོའུ་ལ་དཔེར་བཞག་ན། ཞིང་ཆེན་དེའི་བྱེ་མར་འགྱུར་བའི་རྒྱ་ཁྱོན་ནི་ལོ་རེར་སྤྱི་ཆིང་ཆིག་སྟོང་སོ་གསུམ་གྱི་མྱུར་ཚད་ཀྱིས་འཕར་བཞིན་ཡོད། ད་ཡོད་ཀྱི་རྒྱུ་ཆ་ལས་མངོན་པ་ལྟར་ན། མིག་སྔར་ཡུན་ནན་དང་ཀུའེ་ཀྲོའུ་འདུས་པའི་ལྷོ་ནུབ་ཀྱི་བྲག་ཞུན་ས་ཁུལ་བྱེ་མར་འགྱུར་བའི་གནད་དོན་དེ་ཧ་ཅང་ཚབས་ཆེན་ཡིན་པས། ཐད་ཀར་ས་གནས་དེ་གའི་མི་དམངས་ཀྱི་འཚོ་གནས་ཁོར་ཡུག་དང་། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་གནོད་པ་ཐེབས་པར་མ་ཟད། འབྲི་ཆུའི་དབུས་སྨད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལའང་ཤུགས་ནས་གནོད་པ་ཐེབས་བཞིན་ཡོད། དེའི་ཕྱིར་ས་གནས་དེ་གའི་བྲག་ཞུན་ས་ཁུལ་གྱི་བྱེ་མར་འགྱུར་བའི་གནས་བབ་ལ་བསྐྱར་སྐྲུན་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པར་ཁ་ཚ་དགོས་གཏུག་ཡིན།

གསུམ། བྱེ་མར་འགྱུར་བའི་ཕྱོགས་བསྡུས་བཅོས་སྐྱོང་།

ལྷོ་ནུབ་བྲག་ཞུན་ས་ཁུལ་གྱི་བྱེ་མར་འགྱུར་བའི་སྣང་ཚུལ་དེ་ནི་རང་བྱུང་ཁམས་དང་མིའི་རིགས་ཀྱི་འགུལ་སྐྱོད་གཉིས་ལས་བྱུང་བའི་མཇུག་འབྲས་ལས། སྐྱེ་ཁམས་ཁོར་ཡུག་ཐད་ལ་གནད་དོན་མང་པོ་ཞིག་བཟོས་ཡོད། དེར་བརྟེན་ངེས་པར་དུ་བྱེ་མར་འགྱུར་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པའི་རྨང་གཞིའི་ཐོག་མ་ལག་ཚང་བའི་སྒོ་ནས་བརྟག་དཔྱད་དང་དབྱེ་ཞིབ་བྱས་ནས། དེ་དང་འཚམ་པའི་བཅོས་སྐྱོང་བྱེད་ཐབས་གདམ་པ་དང་། ས་བབ་དང་བསྟུན་ནས་སྐྱེ་ཁམས་བསྐྱར་གསོ་དང་བཅོས་སྐྱོང་བྱེད་པའི་ལག་རྩལ་ཁྱབ་གདལ་གཏོང་དགོས།

ཡུན་ནན་དང་ཀུའེ་ཀྲོའུ། ཀོང་ཞི་སོགས་ས་ཁུལ་དང་འབྲེལ་ནས་སྤེལ་བའི་ཚན་རྩལ་ཞིབ་འཇུག་དང་ཉམས་མྱོང་ལེགས་པོ་ལས། ལྷོ་ནུབ་ཀྱི་བྲག་ཞུན་ས་ཁུལ་གྱི་བྱེ་མར་འགྱུར་བར་གཤམ་གྱི་སྐྱེ་ཁམས་བསྐྱར་གསོའི་བཅོས་སྐྱོང་བྱེད་ཐབས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་བཏོན་པ་རེད།

(གཅིག)ཁ་སི་ཐི་ས་ཁུལ་གྱི་བྱེ་མར་འགྱུར་བའི་བཅོས་སྐྱོང་བྱེད་ཐབས།

བྱེ་མར་འགྱུར་བའི་སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་ལག་རྩལ་ལ་དམིགས་ཡུལ་གསལ་པོ་དགོས་ཤིང་།
བསྐྱར་གསོའི་བཅོས་སྐྱོང་བྱེད་པའི་རྩ་དོན་ལ་སྔོན་འགོག་བྱེད་རྒྱུ་གཙོ་བོར་འཛིན་པ་དང་། སྔོན་འགོག་དང་བཅོས་སྐྱོང་ཟུང་འབྲེལ་བྱེད་པ། བྱེ་མར་འགྱུར་བའི་ཁོར་ཡུག་གི་རྒྱུ་རྐྱེན་གྱི་ཆོས་ཉིད་དང་བསྟུན་ནས་བཅོས་སྐྱོང་བྱེད་ཐབས་འོས་འཚམ་ཞིག་གདམ་དགོས། མིག་སྔར། རྒྱལ་ནང་དུ་བྱེ་མར་འགྱུར་བར་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ཐད་ཉམས་མྱོང་འགའ་ཡོད་དེ། གཙོབོ་གཤམ་གྱི་ཕྱོགས་འགའི་ལས་ཀ་ཡག་པོ་བསྒྲུབ་དགོས་པ་སྟེ། ས་ཞིང་བེད་སྤྱོད་གཏོང་བའི་སྒྲིག་གཞི་ལེགས་བཅོས་བྱས་ནས། སྐྱེ་ཁམས་མ་ལག་བསྐྱར་སྐྲུན་དང་ཟུང་འབྲེལ་བྱ་དགོས། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་གནོན་ཤུགས་ཞི་འཇགས་བྱེད་དགོས། མི་འབོར་འཕར་བར་སྔོན་འགོག་བྱས་ནས་མི་འབོར་གྱིས་ས་གཞི་ལ་ཐེབས་པའི་གནོན་ཤུགས་ཞི་འཇགས་བྱ་དགོས། ཚན་རྩལ་རོགས་སྐྱོར་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་དཔེ་སྟོན་ཨར་ལས་འཛུགས་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་གཏོང་བ་མངོན་འགྱུར་བྱེད་དགོས་པ་བཅས་རེད།

(གཉིས)བྲག་ཞུན་ས་ཁུལ་གྱི་བྱེ་མར་འགྱུར་བའི་ཕྱོགས་བསྔུས་བཅོས་སྐྱོང་གི་ལག་རྩལ།

ལྷོ་ནུབ་བྲག་ཞུན་ས་ཁུལ་དུ་བརླན་གཤེར་དང་ཚ་ཚད་ལེགས་པོ་ཡོད་པས། བསྟུད་མར་ས་གཤིས་ཀྱི་ཁེབས་རིམ་ཡོད་ཅིང་། རྩི་ཤིང་མ་ལག་བསྐྱར་གསོ་བྱེད་པར་ཆ་རྐྱེན་ངེས་ཅན་ཚང་བ་རེད། རང་བྱུང་ནགས་ཚལ་གྱི་དཔལ་འབྱོར་གྱི་ཁེ་ཕན་ཉུང་བར་དམིགས་ནས་དུས་ཐུང་ཞིང་འབྲོག་མང་ཚོགས་ཀྱི་དབུལ་ཕོངས་དང་བྲལ་བའི་གནད་དོན་ཐག་གཅོད་བྱེད་དཀའ་བས། ས་གནས་དེ་གའི་ས་ཞིང་གི་ཐོན་ཁུངས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས། དཔེ་མཚོན་གྱི་བྱེ་མར་འགྱུར་བའི་ས་ཁུལ་དང་འཚམ་པའི་གཤམ་གྱི་བྱེད་ཐབས་སྤྱད་ནས་སྐྱེ་ཁམས་བསྐྱར་གསོའི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་བཏོན་པ་རེད།

1.བྲག་ཞུན་བྲག་རྡོའི་རི་རྒྱ་ནགས་གསོ་བྱེད་པ།

དེ་ནི་གཙོ་བོ་བྲག་རི་དང་ལྷང་ཚེར་དཀར་པོའི་བྲག་རི་བཅས་བརྒྱ་ཆ་བདུན་ཅུའི་ཡན་ཕྱིར་མངོན་ཞིང་། ས་ཞིང་ཉུང་བ་ས་ངོས་སྲབ་པ། སྤྱིར་བཏང་གི་ལི་སྨི་གཉིས་ནས་གསུམ་ལས་མེད་ཅིང་། བྱེ་མ་དང་རྡོ་བྲག་ཧ་ཅང་མང་བས་སྐྱེ་དངོས་བསྐྱར་གསོ་བྱེད་པར་དཀའ་ཁག་ཆེ་མོད། འོན་ཀྱང་ཉེ་འཁོར་ས་ཁུལ་ལ་རི་རྒྱ་ནགས་གསོའི་ཆ་རྐྱེན་འཛོམས་ཡོད། ས་ཁུལ་དེ་ལ་མིས་བཟོས་ནགས་སྐྲུན་གྱི་ཆ་རྐྱེན་གཞི་རྩའི་ཐོག་མི་འཛོམས་པས། ཕྱོགས་ཡོངས་ཀྱི་རི་ལ་བཀག་སྡོམ་བྱེད་པའི་ལག་རྩལ་བྱེད་ཐབས་སྤྱོད་པ་དང་། མིའི་འགུལ་སྐྱོད་དང་ཕྱུགས་ཟོག་གི་གཏོར་བརླག་ཐེབས་ཚད་ཇེ་ཆུང་དུ་བཏང་ནས། ས་གཤིས་རང་བཞིན་དུ་ལྗོན་ཤིང་དང་རྩི་ཤིང་ཟུང་དུ་འབྲེལ་ནས་སྐྱེས་པར་སྐུལ་འདེད་གཏང་དགོས། བྱེ་བྲག་དེ་ལ་བྱེད་ཐབས་འདི་དག་སྤྱོད་དགོས་ཏེ། ཕྱོགས་ཡོངས་སུ་བཀག་སྡོམ་བྱེད་པ་དང་། རྩྭ་འབྲེག་པ་དང་ཕྱུགས་གཏོང་བ་སོགས་ལྗོན་ཤིང་དང་རྩི་ཤིང་སྐྱེས་པར་གནོད་པ་ཡོད་པའི་མིས་བཟོས་བྱ་འགུལ་ཡོད་ཚད་ལ་བཀག་འགོག་བྱ་དགོས།

2.བྲག་རི་དང་ཕྱེད་ཀ་བྲག་རི་ཡིན་པའི་ས་ཁུལ་ལ་རི་རྒྱ་ནགས་གསོ་བྱེད་པ།

དེ་ནི་གཙོ་བོ་བྲག་རི་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་བདུན་ཅུ་ཕྱིར་མངོན་པའི་ཕྱེད་ཀ་བྲག་རི་ཡིན་པའི་ས་ཁུལ་དང་། ཆ་རྐྱེན་ལྟོས་བཅས་ཀྱིས་ཅུང་ལེགས་པའི་བྲག་རི་དང་། ལྷང་ཚེར་དཀར་པོའི་བྲག་རི་ཁག་ཅིག་ལ། མིས་ནགས་འདེབས་འཛུགས་བྱས་ན་ལྗོན་ཤིང་དང་རྩི་ཤིང་སྦུག་ཏུ་འགྲོ་བའི་རེ་བ་ཡོད་པ་རེད། ས་ཁུལ་དེའི་ཆ་རྐྱེན་ཅུང་ལེགས་ཤིང་། རང་བྱུང་འདེབས་འཛུགས་དང་རྩ་བ་རྒྱས་པའི་ནུས་པ་ཧ་ཅང་ཞན། དེ་བས་མིས་འདེབས་འཛུགས་བྱས་རྗེས་ལྗོངས་ཡོངས་ནས་བཀག་སྡོམ་བྱེད་པའི་བྱེད་ཐབས་ཨང་རིམ་གྱིས་ལྗོན་ཤིང་དང་རྩི་ཤིང་སྟུག་པོ་ཆགས་ཐུབ། བྱེ་བྲག་གི་བྱེད་ཐབས་འདི་དག་སྤྱོད་དགོས་ཏེ། ས་ཞིང་ཁ་ཤས་ལེགས་སྒྲིག་བྱས་ནས་ལྗོན་ཤིང་འདེབས་འཛུགས་བྱེད་དགོས། ཧྭ་ཧྲན་གསོམ་སྡོང་སོགས་འདེབས་འཛུགས་བྱས་རྗེས་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་དགོས།

3.ཕྱེད་ཀ་བྲག་རི་ཡིན་པའི་ས་ཁུལ་གྱི་སྐྱེ་དངོས་ལ་ནགས་གསོ་བཅོས་སྐྱོང་ཡོད་པ།

དེ་ནི་བྲག་ཞུན་ས་ཁུལ་གྱི་དབུས་སྟོད་རྒྱུད་ཀྱི་བྲག་རི་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བདུན་ཅུའི་བར་ཕྱིར་མངོན་པའི་ཕྱེད་ཀ་བྲག་རི་ཡིན་པའི་ས་ཁུལ་དུ་འཚམ་ཞིང་། ལྗོན་ཤིང་ཁག་ཅིག་ལ་རང་བྱུང་གི་འདེབས་འཛུགས་བྱེད་པའི་ཆ་རྐྱེན་ལྡན།

4.ཕྱེད་ཀ་བྲག་ཞུན་ཡིན་པའི་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་རང་བཞིན་གྱི་གཅེས་སྐྱོང་།

དེ་ནི་ཕྱེད་ཀ་བྲག་ཞུན་ཡིན་པའི་ས་ཁུལ་གྱི་དབུས་སྨད་རྒྱུད་ཀྱི་བྲག་རོང་ས་ཁུལ་དང་ལྟོས་བཅས་ཀྱིས་ཞི་འཇགས་ཡིན་པ། བྲག་རི་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་ལྔ་བཅུ་ཕྱིར་མངོན་པ། བྲག་གཟར་པོ་ཧ་ཅང་མང་བ། བརླན་གཤེར་དང་ཚ་ཁུལ་ཆ་རྐྱེན་ཅུང་ལེགས་པའི་ས་ཁུལ་ལ་འཚམ།

5. ཕྱེད་ཀ་བྲག་ཞུན་ཡིན་པའི་སྐྱེ་ཁམས་ཀྱི་ནགས་གསོ་བཅོས་སྐྱོང་བྱེད་ཚུལ།

དེ་ནི་ཕྱེད་ཀ་བྲག་ཞུན་ཡིན་པའི་སྐྱེ་ཁམས་ཀྱི་དབུས་སྨད་རྒྱུད་དང་རི་མ་ཐང་གི་ས་ཁུལ། བྲག་རི་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བདུན་ཅུ་ཕྱིར་མངོན་ཡོད་པའི་བྲག་རི་དང་། བརླན་གཤེར་དང་ཚྭ་ཁུལ་ཆ་རྐྱེན་ཅུང་ལེགས་པའི་ས་ཁུལ་དུ་འཚམ་པའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1