རྟའུ་རྫོང་སློབ་ཆུང་ཞིག་གིས་སློབ་འགོ་ཚུགས་པའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-08


        སྤྱི་ཟླ3པའི་ཚེས4ཉིན་རྟའུ་རྫོང་ཆ་ཚང་སློབ་ཆུང་གཉིས་པས་རིམས་ནད་འགོག་ཟོན་དང་། བདེ་འཇགས་སློབ་གསོ། སློབ་གྲྭའི་ནང་གི་བརྙས་བཅོས་འགོག་པ་སོགས་ལ་དམིགས་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

རྟའུ་རྫོང་སློབ་ཆུང་ཞིག་གིས་སློབ་འགོ་ཚུགས་པའི་བྱེད་སྒོ་སྤེལ།

        བྱེད་སྒོ་སྤེལ་རིང་འཛིན་གྲྭ་ཁག་གིས་སློབ་གྲྭའི་བླང་བྱ་གཞིར་བཟུང་ནས། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའིPPTསློབ་ཚན་གྲ་སྒྲིག་བྱས་ནས་རིམས་ནད་འགོག་ཟོན་དང་། བཟའ་བཅའི་འཕྲོད་བསྟེན། འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་པ་དང་སློབ་གྲྭའི་ནང་གི་བརྙས་བཅོས་འགོག་པ་སོགས་གཙོ་གནད་དུ་བྱས་ཏེ་གསོན་ཉམས་དོད་ལ་ཞིབ་ཕྲའི་དཔེ་མཚོན་ཐོག་ནས་སློབ་མར་གོ་རུ་བཅུག་ཅིང་། སློབ་མའི་རང་ངོས་ཀྱི་དོགས་ཟོན་དང་། རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་དགོས་པ་སོགས་ཀྱི་འདུ་ཤེས་མཐོ་རུ་བཏང་བ་རེད།

རྟའུ་རྫོང་སློབ་ཆུང་ཞིག་གིས་སློབ་འགོ་ཚུགས་པའི་བྱེད་སྒོ་སྤེལ།


        2022ལོའི་སློབ་དུས་གསར་པའི་ནང་རྟའུ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་དགེ་སློབ་ཡོངས་ཀྱིས་སློབ་གྲྭའི་བདེ་འཇགས་འགོག་སྲུང་དམ་པོར་བྱས་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོར”དངོས་སུ་ཞུགས་ཏེ། སློབ་མ་ཚོའི་སློབ་འགོ་ཚུགས་པའི་ཉིན་དང་པོར་བདེ་འཇགས་ཨང་དང་པོར་བརྩི་རྒྱུའི་བསམ་བློ་བརྟན་པོ་བཙུགས་པ་དང་།བདེ་འཇགས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་སློབ་དུས་གསར་པའི་སློབ་གྲྭའི་བདེ་འཇགས་དང་ཞི་མཐུན་ལ་སྐུལ་འདེད་བཏང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1