ཀླུ་མོ་འཚོའི་སྤྱི་ལེ35ཡི་འགྲོ་རྩལ་འགྲན་ཞུགས་ཁྲོད་ཀྱི་རྣམ་པ།
བུད་མེད་ཚན་ཁག་གི་འགྲན་བསྡུར་ཁྲོད། ཀྲུང་གོའི་ལུས་རྩལ་པ་ཀླུ་མོ་འཚོས་ཆུ་ཚོད2དང་སྐར་མ50སྐར་ཆ26གི་གྲུབ་འབྲས་ཀྱིས་ཨང་གཉིས་པ་བླངས་ནས་མི་སྒེར་གྱི་དངུལ་གྱི་རྟགས་མ་ཐོབ། གྲུབ་འབྲས་འདིས་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། ཨའོ་ཀྭ་ཏའོ་ཨར་གྱི་ལུས་རྩལ་པ་མའོ་ལེ་ཁྱུང་གིས་ཆུ་ཚོད2དང་སྐར་མ48སྐར་ཆ33ཡིས་ཟིན་ཐོ་བསྐྲུན་ནས་ཨང་དང་པོ་བླངས།
ཟླ3པའི་ཚེས5ཉིན། ཀྲུང་གོའི་ལུས་རྩལ་པ་པའེ་ཞུའེ་དབྱིན་གྱིས་འགྲན་བསྡུར་བྱེད་བཞིན་པ།
ཀླུ་མོ་འཚོ(མཚོ་སྔོན་ཞོན་ཧྭ)དང་མ་ཧྥ་དབྱི(མཚོ་སྔོན་ཞོན་ཧྭ)། པའེ་ཞུའེ་དབྱིན། ཝུའུ་ཆོན་མིང་དང་ཀའོ་ན་ཁྲའོ་བཅས་ཀྱིས་གྲུབ་པའི་ཀྲུང་གོའི་འགྲོ་རྩལ་བུད་མེད་རུ་ཁག་གིས་སྤྱི་ལེ35ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས། །