“དར་ལམ་དཀར་མཛེས་ཁུལ་དང་ཁྲོན་ནུབ་ཀྱི་སྦས་ཡུལ”ཞེས་པའི་རིག་གནས་ཡུལ་སྐོར་ཁྱད་རྟགས་ལ་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱིIPཚོགས་ཆེན་ཐོག་བྱ་དགའ་ཆེན་པོ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-09


“དར་ལམ་དཀར་མཛེས་ཁུལ་དང་ཁྲོན་ནུབ་ཀྱི་སྦས་ཡུལ”ཞེས་པའི་རིག་གནས་ཡུལ་སྐོར་ཁྱད་རྟགས་ལ་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱིIPཚོགས་ཆེན་ཐོག་བྱ་དགའ་ཆེན་པོ་ཐོབ།

ཀྲུང་གོའི་རིག་གནས་ཡུལ་སྐོར་གྱིIPཚོགས་ཆེན་སྐབས་དྲུག་པའི“འོད་ལྡནIP”དཔེར་མཚོན་དཔྱད་འདེམས་མཇུག་འབྲས་དེ་ཉེ་ཆར་ཁྱབ་བསྒྲགས་བྱས་ཤིང་། དཀར་མཛེས་ཁུལ་གྱི“དར་ལམ་དཀར་མཛེས་ཁུལ་དང་ཁྲོན་ནུབ་ཀྱི་སྦས་ཡུལ”ཞེས་པའི་རིག་གནས་ཡུལ་སྐོར་ཁྱད་རྟགས་ལ“ཉི་མའི་ཕྱོགས་ནས་འཁྲུངས་པ”ཞེས་པའི་དཔེར་མཚོན་གྱི་གྲས་སུ་ཚུད་ཡོད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་རིག་གནས་ཡུལ་སྐོར་གྱིIPཚོགས་ཆེན་སྐབས་དྲུག་པ་ནི་ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་གླིང་གིས་རིག་གཞུང་མཛུབ་སྟོན་བྱས་ཤིང་། ཆི་ཁྲང་ཡུལ་སྐོར་ཚོགས་པ་དང་ཅིན་ཡུས་ལུ་ཨ་མའི་ཚོགས་པས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་སྡེ་ཚན་དང་གསར་བརྗེའི་རིག་གནས་ཡུལ་སྐོར་ལྗོངས་ཁུལ། ཡུལ་སྡེ་དར་རྒྱས་ཀྱི་དཔེ་སྟོན་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་སྐུ་མགྲོན60ལྷག་ཙམ་གྱིས་རིམས་ཚུལ་རྒྱུན་རྣམ་ཅན་གྱི་འོག་ཏུ་རིག་གནས་ཡུལ་སྐོརIPགསོ་སྐྱོང་གསར་སྐྲུན་དང་། རིག་གནས་ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་ནང་དོན་དྲྭ་ཐོག་ནས་ཚང་མར་ཕུལ་བ་དང་། མི་ཁྲི400ལས་བརྒལ་བས་ཐད་གཏོང་ལ་ལྟ་བ་དང་། ལོ་རྒྱུས་ཐོག་རིག་གནས་ཡུལ་སྐོར་གྱི་ཚོགས་འདུ་ཆེས་གཟབ་རྒྱས་ཤིག་ཡིན་པས“རིག་གནས་ཡུལ་སྐོར་གྱི་དཔྱིད་གསར་དགོང་ཚོགས”ཞེས་བརྗོད་ཀྱིན་ཡོད།

དཀར་མཛེས་ཁུལ་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཁུལ་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གདན་ཞུས་ལྟར་དྲྭ་ཐོག་ནས་ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་གཟབ་ཚོགས་ནང་ཞུགས་ཏེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྱད་རྟགས་སྐྲུན་པའི་དཔེར་མཚོན་ངོ་སྤྲོད་བྱས་པ་རེད། ལིའུ་ཧུང་གིས་དམིགས་འབེན་དང་ལྟ་ཉན་བྱེད་མཁན་དང་། ཁྱད་རྟགས་ཀྱི་ཚད་དཔོག། ཐབས་ཇུས་ཟླ་སྒྲིལ། བརྒྱུད་བསྒྲགས་ཕན་འབྲས་བཅས་ཕྱོགས་བཞིར་དམིགས་ནས“དར་ལམ་དཀར་མཛེས་ཁུལ་དང་ཁྲོན་ནུབ་ཀྱི་སྦས་ཡུལ”ཞེས་པའི་རིག་གནས་ཡུལ་སྐོར་གྱིIPདང་། ཁམས་པའི་རིག་གནས་ཀྱི་ལྟེ་གནས། དར་ལམ་གྱི་མཛེས་ཉམས་དང་རྒྱལ་སྤྱིའི་དཔེ་ཚད་གཅིག་ཏུ་འཛོམས་པའི་དཀར་མཛེས་ཁུལ་གྱི་བྱང་རྒྱུད་རྫོང་བརྒྱད་ངོ་སྤྲོད་བྱས་པ་རེད།

ཁྱད་རྟགས་དེ་ནི་ཁུལ་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱིས“མཐོ་སྒང་གི་དར་ལམ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས”འཛུགས་སྐྲུན་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་ཆེད། རྟའུ་དང་བྲག་མགོ། དཀར་མཛེས། གསེར་རྟ། སྡེ་དགེ་དང་། སེར་ཤུལ། དཔལ་ཡུལ། ཉག་རོང་བཅས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་རྫོང་ཁག་བརྒྱད་ཀྱི་ཁྱབ་ཁོངས་ནང་བསྐྲུན་པའི་རིག་གནས་ཡུལ་སྐོར་ཁྱད་རྟགས་རེད། ཁྱད་རྟགས་དེ་བསྐྲུན་པ་ནས་བཟུང་ཁུལ་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱིས་འཕྲིན་སྦྱོར་གསར་པ་སོགས་ཀྱི་བྱ་ཐབས་ལ་དམིགས་ནས“ལས་སྟེགས་མང་པོ་དང་།རྣམ་པ་མང་པོ། བྱེད་ཐབས་མང་པོ”བཅས་ཀྱི་ཁྱབ་སྤེལ་བྱ་ཐབས་སྤྱད་དེ་ཁྱད་རྟགས་དྲིལ་བསྒྲགས་དང་མི་ཚོགས་འགྲོ་འོང་ཟུང་སྦྲེལ་ངང་དྲྭ་ཐོག་དང་དྲྭ་ཕྱི་ནས་མཉམ་འགུལ་བྱས་ཏེ་དཀར་མཛེས་ཁུལ་བྱང་རྒྱུད་རྫོང་བརྒྱད་ཀྱི་ཁྲོན་བོད་གཞུང་ལམ་གྱི་བྱང་རྒྱུདG317པའི་ལམ་རྒྱུད་ཀྱི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་བསྣན་ཡོད།

དཀར་མཛེས་ཁུལ་གྱིས་ད་ཐེངས“དར་ལམ་དཀར་མཛེས་ཁུལ་དང་ཁྲོན་ནུབ་ཀྱི་སྦས་ཡུལ”ཞེས་པའི་རིག་གནས་ཡུལ་སྐོར་ཁྱད་རྟགས་བསྐྲུན་པའི་དམིགས་ཡུལ་ནི་མངའ་ཁོངས་ནང་ཁུལ་གྱི་ལྷོ་རྒྱུད་དར་ལམ་གྱི་ལོ་རྒྱུས་ཤུལ་བཞག་དང་། མི་རིག་གནའ་ཤུལ། རང་བྱུང་ཡུལ་ལྗོངས། ཁམས་པའི་རིག་གནས་སོགས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་གལ་ཆེན་ཟླ་སྒྲིལ་བྱས་པ་ཡིན་ལ། གནའ་བོའི་དར་ལམ་ཐོག་གི་དཔལ་འབྱོར་ཉོ་འཚོང་དང་། མི་རིག། སྒྱུ་རྩལ། འགྲིམ་འགྲུལ་སོགས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ། དར་གོས་དཔལ་ཡོན་དང་མི་རིགས་མཉམ་འདྲེས་སོགས་ཀྱི་འཕེལ་རྒྱས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། དེར་བརྟེན་ནས་དཀར་མཛེས་ཁུལ་གྱི་ཁྱད་མཚར་ཆེ་བའི་ལོ་རྒྱུས་དང་མི་རིག་གི་འོད་ཟེར་སླར་ཡང་མངོན་པ་བྱས་ནས་དར་ལམ་དཔལ་ཡོན་གྱིས་ས་ཁོངས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་མང་པོ་འཚོལ་ཞིབ་བཅས་བྱེད་པ་དང་། མ་སྐུལ་དང་བླངས་ཀྱིས“དར་ལམ་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས”དང་དེ་བཞིན་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་འཕེལ་རྒྱས་ཐད“དཀར་མཛེས་ཁུལ་གྱི་ཇུས་གཞི”ལེགས་སྐྱེས་སུ་འབུལ་རྒྱུ་དང་། དེ་དང་ཆབས་ཅིག་དཀར་མཛེས་ཁུལ་གྱིས་ཡང་འབད་བསྐྱར་འབད་བྱས་ཏེ་ཕྱོགས་མང་གི་ཐོག་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་སྟེ་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1