དཀར་མཛེས་ཁུལ་གྱིA4རིམ་པའི་ལྗོངས་ཁུལ་གསར་པ5རིན་མི་དགོས་པར་སྒོ་ཕྱེ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-11




     ཉེ་ཆར། སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་གི་ཁམས་པའི་ཕོ་གསར་གྲོང་ཚོའི་ཡུལ་སྐོར་ལྗོངས་ཁུལ་དང་། ཕྱག་ཕྲེང་རྫོང་ཕྲ་ཕྲེང་ལུང་པའི་རང་བྱུང་ཆུ་ཚན་ལྗོངས་ཁུལ། སྡེ་རོང་རྫོང་ཝ་ཁ་བྲོ་གར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ། སྡེ་དགེ་རྫོང་ཁམས་པའི་རིག་གནས་ལྗོངས་ཁུལ། དཔལ་ཡུལ་རྫོང་ནགས་ལུང་མཚོ་འཁྱམས་གཡེང་འདམ་རའི་ཡུལ་སྐོར་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱིA4བཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཚད་གཞིའི་བླང་བྱའི་ཚད་དུ་སླེབས་པ་དང་། རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་དངོས་སུ་ཆོག་མཆན་སྤྲད་པ་རེད། སྨྱུག་འཛིན་པས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔརA4རིམ་པའི་ལྗོངས་ཁུལ་གསར་པ5པོར་རིན་མེད་ངང་སྒོ་ཕྱེ་ཡོད་པ་རེད།

     དཀར་མཛེས་ཁུལ་གྱི་ལྷོ་སྣེ་སྟེ་སྡེ་རོང་རྫོང་གི་ཝ་ཁ་བྲོ་གར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ་ནི། འབྲི་ཆུ་འབྲེལ་ཐག་ཏུ་བྱས་ནས་ཧོ་ལུང་ཟམ་པའི་གསར་བརྗེའི་རྗེས་ཤུལ་དང་། ཝ་ཁའི་ཡུལ་སྲོལ་གོམས་འདྲིས་ཀྱི་གྲོང་རྡལ་ཆུང་བ། འབྲི་ཆུའི་ཁུག་སོ་དང་པོ་སོགས་མཛེས་ལྗོངས་ཁུལ་བཏོད་ཡོད། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པའི་སྡེ་རོང་ཕྱོགས་འཆམ་དང་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་ལྔ་ནི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་གི་རང་བྱུང་གྲུབ་ཆ་ཞིག་རེད།

     དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་དཔལ་ཡུལ་རྫོང་གི་ལྷ་ལུང་མཚོའི་འདམ་རའི་ལྗོངས་ཁུལ་ནི་དཔལ་ཡུལ་རྫོང་འདམ་ཐར་ཡུལ་ཤོག་གི་མངའ་ཁོངས་སུ་གནས་ཤིང་། ལྗོངས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ61.5ཡོད། དུས་རབས་མང་པོའི་འཁྱགས་ཀླུང་གིས་གྲུབ་པའི་གནའ་བོའི་དར་ཤུད་ས་གཤིས་རྗེས་ཤུལ་གྱི་ཡུལ་ལྗོངས་ཡིན་ཞིང་། དེ་དང་ཆབས་ཅིག་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་སྐྱེ་འཕེལ་བྱ་ཡུལ་གལ་ཆེན་ཞིག་དང་གནས་སྤོ་ལམ་གྱི་འཚོ་སྡོད་གནས་ཡུལ་ཡིན་པས། ས་མཐོའི་འདམ་རའི་འཁྱགས་ཀླུང་ས་གཤིས་གནས་སྟངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཞེས་བརྗོད་བཞིན་ཡོད་དོ།།

 དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་ཚོའི་ཡུལ་སྐོར་ལྗོངས་ཁུལ།



དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ཕྲ་ཕྲེང་ལུང་པའི་རང་བྱུང་ཆུ་ཚན་ལྗོངས་ཁུལ།


དཀར་མཛེས་ཁུལ་སྡེ་རོང་རྫོང་ཝ་ཁ་བྲོ་གར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ།

དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁམས་པའི་རིག་གནས་ལྗོངས་ཁུལ།


དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནགས་ལུང་མཚོ་འཁྱམས་གཡེང་འདམ་རའི་ཡུལ་སྐོར་ལྗོངས་ཁུལ།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1