ཝུན་ཁྲོན་དུ་དབུགས་སྣུམ་ཁ་སྣོན་ས་ཚིགས་བེད་སྤྱོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 03-14




        ཝུན་ཁྲོན་དུ་ཏུན་ཁྲི་རིམ་པའི་དབུགས་སྣུམ་ཁ་སྣོན་ས་ཚིགས་ཟླ་3པའི་ཟླ་སྨད་དུ་བེད་སྤྱོད་བྱ་རྒྱུ་རེད།
        ཟླ་2ཚེས་22ཉིན། ཝུན་ཁྲོན་རྫོང་ཞོན་ཁུའུ་གྲོང་རྡལ་ཧྲུའེ་ཐེན་ཕིང་དབུགས་སྣུམ་ཁ་སྣོན་ས་ཚིགས་ཀྱི་ལས་ཡུལ་དངོས་སུ། ལས་ཀ་བ་རྣམས་ཀྱིས་ཨར་འདམ་འདིང་བཞིན་ཡོད།
        ནུས་ཁུངས་གསར་བའི་རླངས་འཁོར་གྱི་དབུགས་སྣོན་དགོས་མཁོ་བསྐོང་ཆེད། ཀྲུང་གོའི་རྡོ་སྣུམ་ཀུང་སིས་འཛུགས་སྐྲུན་བྱེད་བཞིན་པའི་ཝུན་ཁྲོན་རྫོང་ཞོན་ཁུའུ་གྲོང་རྡལ་ཧྲུའེ་ཐེན་ཕིང་དབུགས་སྣུམ་ཁ་སྣོན་ས་ཚིགས་རྣམ་གྲངས་དེ་མིག་སྔར་མགྱོགས་མྱུར་ངང་སྤེལ་བཞིན་ཡོད། མིག་སྔར་དབུགས་སྣོན་དང་སྣུམ་སྣོན་ས་ཚིགས་ཀྱི་སྒྲིག་ཆས་བཀོད་སྒྲིག་ཕལ་ཆེར་ལེགས་འགྲུབ་བྱུང་།



འདི་ནི་ལས་ཀ་བ་རྣམས་ཀྱིས་ཨར་འདམ་འདིང་བཞིན་པའི་རྣམ་པ་རེད།



འདི་ནི་མཁའ་ནས་པར་བླངས་པའི་ཏུན་ཁྲི་རིམ་པའི་དབུགས་སྣུམ་ཁ་སྣོན་ས་ཚིགས་ཀྱི་སྤྱིའི་རྣམ་པ་རེད།

འདི་ནི་ཧྲུའེ་ཐེན་ཕིང་དབུགས་སྣུམ་ཁ་སྣོན་ས་ཚིགས་སྐྲུན་བཞིན་པའི་ཚུལ་རེད།

        རྒྱུས་ལོན་པ་ལྟར་ན། ཝུན་ཁྲོན་ཧྲུའེ་ཐེན་ཕིང་དབུགས་སྣུམ་ཁ་སྣོན་ས་ཚིགས་ནི་2021ལོའི་ཟླ་10བར་བསྐྲུན་མགོ་བཟུང་བ་རེད། རྣམ་གྲངས་དེ་ལ་མ་དངུལ་སྒོར་ཁྲི་2300བཏང་ཡོད་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་5000ལྷག་ཟིན་ཡོད། དེས་རླངས་འཁོར་གྱི་དབུགས་སྣོན་དང་སྣུམ་སྣོན་གྱི་དགོས་མཁོ་ལྷན་གཅིག་ཏུ་བསྐོང་ཐུབ་ལ། སྔོན་དཔག་ལྟར་ན་ད་ལོའི་ཟླ་3པའི་ཟླ་སྨད་དུ་སྤྱོད་འཐུབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1