ཟླ3པའི་ཚེས11ཉིན། ཐུན་ཏེ་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ལ་དེའུ་རྒན་ལུང་བ་རྡོ་ཟེགས་ར་བ་ནས་ཁ་པར་འབྱོར་ཏེ། བྱེ་མ་སྔོག་སྐབས་བ་སོའི་འགྱུར་རྡོ་དང་འདྲ་བ་ཞིག་རྙེད་ཅེས་བཤད། ཁ་པར་འབྱོར་རྗེས། འབྲེལ་ཡོད་མི་སྣ་དུས་ཐོག་ཏུ་ཡུལ་དངོས་སུ་བསྐྱོད་པ་དང་གནས་ཚུལ་དེ་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས།
ཟླ3པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་ཞིབ་སློབ་གླིང་གི་སྤྱི་ཁྱབ་ལག་རྩལ་བ་ཆེན་མོ་གཞོན་པ་པའེ་ཡུང་ཧྲན་དང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཝང་ཧྲི་ཆི་གཉིས་ཀྱིས་འགྱུར་རྡོ་སྔོག་འདོན་བྱ་ཡུལ་ནས་བརྟག་དཔྱད་བྱས་པ་དང་། ཡུལ་དངོས་ཀྱི་ཚད་ལེན་བྱས་པ་བརྒྱུད། བ་སོའི་འགྱུར་རྡོ་ཡི་རིང་ཚད་ལ་ལི་སྨི150དང་། མདུན་ཞེང་ལ་ལི་སྨི14། རྒྱབ་ཞེང་ལ་ལི་སྨི16བཅས་ཡོད། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཝང་ཧྲི་ཆི་ཡིས་བཤད་རྒྱུར། བ་སོའི་དཀྱོག་ཚད་ནས་བལྟས་ན། དེ་ནི་གནའ་བོའི་གླང་རྒོད་ཀྱི་བ་སོའི་འགྱུར་རྡོ་ཞིག་རེད་ཅེས་ཐོག་མའི་བརྡར་ཤ་བཅད།