གནམ་གཤིས་དྲོ་རུ་ཕྱིན་པ་དང་རླུང་ཆེན་གཡུགས་པའི་གནམ་གཤིས་བསྟུད་མར་ཐོན་པས། མཚོ་སྔོན་པོའི་ནུབ་བྱང་ངོགས་ཀྱི་ས་ཁུལ་མང་ཆེ་བ་དང་། ཆུ་མགོའི་འདམ་ར། བྱ་གླིང་། ལྷ་མོའི་མཚོ་ཁུག་སོགས་ས་ཁོངས་སུ་གཞི་ཁྱོན་ཅུང་ཆེ་བའི་མཚོ་དར་ཞུ་འགོ་ཚུགས། མཚོ་བོད་ས་མཐོའི་“ཕ་ལམ་སྔོན་པོ་”ཅེས་པའི་མཚན་སྙན་ཐོབ་པའི་མཚོ་སྔོན་པོའི་མཚོ་དར་ཞུ་འགོ་ཚུགས།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོར་དར་ཆགས་པའི་དུས་ཡུན་ནི་ཟླ་4ལྷག་ཡིན་པ་དང་། དེ་ནི་སྤྱིར་བཏང་དུ་ལོ་རེའི་ཟླ་4པའི་ཟླ་དཀྱིལ་ལ་མཚོ་ཁ་འབྱེད་ཀྱི་ཡོད། ད་ལོ་མཚོ་དར་འབྱེད་པའི་དུས་སྔོན་མ་ལས་སྔ་བ་ཡོད།