ལོ་ལྟར་དགུན་རྒྱ་སྟག་འདྲ་བོ་ཕར་བསྐྱེལ་ལ་དཔྱིད་ཆུང་མ་འདྲ་བོ་ཚུར་བསུ་བའི་སྐབས་དེར། རི་ལུང་ཀུན་གྱི་དཀར་དཀར་ཁ་བའི་གངས་འཁྱགས་དལ་གྱིས་བཞུས་ནས་མེད་པར་གྱུར། སླར་ཡང་འདབ་ཆགས་བྱ་རིགས་ཀྱི་གནས་སྤོའི་དུས་ཚིགས་སུ་སླེབས།
ད་ལྟ། དགའ་ཆུ་གཙང་པོའི་ངོགས་དང་རི་རྒན་ཆའོ་འདམ་རུ་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་བྱ་རིགས་80ལྷག་ཙམ་འཚོ་སྡོད་བྱེད་བཞིན་ཡོད་ལ། ཧུང་ཡོན་རྫོང་དུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་1དང་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་1བསྐྲུན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་དང་དེ་བཞིན་དེའི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱས་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། །