ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད།
ཀྲུང་དབྱང་དམག་ཨུད་ཀྱིས“བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”དཔྱད་འདེམས་བྱས་ཏེ་སྤྲོད་རྒྱུ་ཡིན་པ།
ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས་མིང་འདོན་ལས་དོན་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་95འཁོར་བའི་སྐབས་སུ། ཀྲུང་དབྱང་དམག་ཨུད་ཀྱིས“བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”དཔྱད་འདེམས་བྱས་ནས་སྤྲོད་རྒྱུ་ཡིན་པ་རེད།
“བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ནི་ཀྲུང་དབྱང་དམག་ཨུད་ཀྱིས་གཏན་འབེབས་བྱས་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིས་ལག་ཁྱེར་སྤྲད་དེ་གནང་བའི་དམག་དཔུང་གི་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་ཆེན་པོ་ཕུལ་ནས་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པ། རྒྱལ་ཡོངས་དང་དམག་ཡོངས་སུ་ཤུགས་རྐྱེན་ཟབ་མོ་ལྡན་པའི་དམག་དཔུང་གི་མི་སྣ་བཅས་ལ་སྤྲོད་པ་ཞིག་རེད། དཔྱད་འདེམས་དང་གཟེངས་རྟགས་སྤྲོད་རྒྱུའི་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་ཁྱད་ཆོས་མངོན་པ་དང་། དམག་གྲབས་དང་དམག་རྒྱག་ལ་དམིགས་པ། བྱས་རྗེས་མངོན་གསལ་དོད་པོ་འཇོག་པ། ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་གནང་ནས་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ཐོན་པའི་དཔའ་བོ་དཔེ་བཟང་གི་དཔེ་མཚོན་ལ་གཟེངས་བསྟོད་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་ཤིག་རེད།
ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས་མིང་འདོན་ལས་དོན་བཀོད་སྒྲིག་བྱས་ཏེ། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཀྱི་མིང་འདོན་ཁྱབ་ཁོངས་དང་། ཆ་རྐྱེན། གྲངས་འབོར། གོ་རིམ་སོགས་ཁ་གསལ་བཟོས་ཤིང་། རིམ་པ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འདེམས་སྒྲུག་དང་འོས་སྦྱོར་ཞིབ་ཚགས་བྱེད་པ། བྱས་རྗེས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། ཚད་གཞིའི་ཆ་རྐྱེན་ནན་པོ་བཅས་བྱས་ནས་བྱས་རྗེས་གཟེངས་སུ་ཐོན་པ་དང་མིང་དོན་མཚུངས་པའི་དཔེ་བཟང་བ་སྟེ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དཔེ་མཚོན་དཔྱད་འདེམས་བྱེད་དགོས། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”དཔྱད་འདེམས་དང་སྤྲད་པ་བརྒྱུད། དུས་རབས་གསར་པའི་དམག་དཔུང་གི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་དངོས་སུ་ལག་བསྟར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དུས་རབས་གསར་པར་བྱས་རྗེས་བཞག་ནས་མིག་དཔེ་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་དཔོན་དམག་ལ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པར་འབད་འཐབ་ལྷོད་མེད་བྱ་རྒྱུར་བསྔགས་སྐུལ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།