༄༅།། མཚོ་གླག་མཇུག་དཀར་དང་ཁྲུང་ཁྲུང་སྐེ་ནག

ཡོན་ཏན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-07


གྲྭ་བཙུན་པར་ལེན་པ་ཡོན་ཏན་གྱི་པར་མིག་ལས་ཐོན་པའི་མཚོ་གླག་མཇུག་དཀར་དང་ཁྲུང་ཁྲུང་སྐེ་ནག །


མཚོ་གླག་མཇུག་དཀར།



        རྩ་ཆེ་ཞིང་སྟོངས་ཉེ་ཡོད་པའི་མཚོ་གླག་མཇུག་དཀར་དང་ཁྲུང་ཁྲུང་སྐེ་ནག་སོགས་འདབ་ཆགས་བྱ་རིགས་རྔ་པ་རྫོང་དུ་མཐོང་རྒྱུ་བྱུང་། ས་གནས་དེ་གའི་པར་རྒྱག་མཁས་ཅན་གྱིས་རྔ་པ་རྫོང་ཆུ་འགོའི་ཁུལ་དང་འདམ་རའི་རྩྭ་ཐང་དུ་རྩ་ཆེའི་བརྙན་ཕབ་རྒྱུ་ཆ་ཐོག་མར་པར་ལེན་བྱས་པ་དང་། འདབ་ཆགས་ལ་དགའ་པོ་བྱེད་མཁན་ཚོས་ཟླ་བཅུ་པའི་གཡས་གཡོན་དུ་མཚོ་གླག་མཇུག་དཀར་དང་ཁྲུང་ཁྲུང་སྐེ་ནག་གི་དཔའ་ཉམས་པར་ལེན་བྱ་རྒྱུ་རེ་སྒུག་བྱས་ནས་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་རྩོམ་སྒྲིག་བྱས་པའི《 ཀྲུང་གོའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ》ནང་ཀྲུང་གོའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་གནས་ཚུལ་དང་། ཉེན་ཡོད་རྒྱུ་རྐྱེན། སྲུང་སྐྱོང་བྱེད་ཐབས་སོགས་བཀོད་ཅིང་། ཞིབ་ཅིང་ཕྲ་བའི་སྒོས་སྟོངས་ཉེར་ཡོད་པའི་མཚོ་གླག་མཇུག་དཀར་བྲིས་ཡོད། ཀྲུང་གོའི་སྟོངས་ཉེར་ཡོད་པའི་བྱ་རིགས་སྲུང་སྐྱོང་དང་རྒྱུན་སྲིང་བེད་སྤྱོད་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་སའང་མཁོ་འདོན་བྱས་ཡོད།
        མཚོ་གླག་མཇུག་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། ཀྲུང་གོའི་མངའ་ཁོངས་སུ་མཐོང་དཀོན། གཟུགས་པོའི་རིང་ཚད་ལ་ལི་སྨི་84ནས་91བར་ཡོད། གཟུགས་པོའི་ལྗིད་ཚད་ལ་ཆ་སྙོམས་རྒྱ་མ་2ནས་4བར་ཡོད། དེ་ལ་རྣོ་ངར་གྱི་མིག་དང་། སྡེར་མོ། མཆུ་ཏོ་བཅས་ཡོད། ལུས་པོའི་སྤུ་མང་ཆེ་བ་སྨུག་པོར་ཡིན་ཞིང་། ལྟག་རྒྱབ་དང་བྲང་གི་སྤུ་ནི་སྒྲོ་ངོ་མ་དང་འདྲ་ཞིང་ཅུང་རིང་། སྐེ་སྤུའི་མདོག་ནི་བྱེ་མདོག་དང་རྔ་སྒྲོ་ནི་ཁྱིའུ་དབྱིབས་དང་ཁ་དོག་དཀར་པོ་ཡིན།
        ཁྲུང་ཁྲུང་སྐེ་ནག་ནི་རང་རེའི་རྒྱལ་ཁབ་དང་ནང་སྒོས་སུ་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་ཁྲུང་ཁྲུང་གི་རིགས་ཧ་ཅང་དཀོན་པོ་ཞིག་ཡིན་ལ། མདོ་དབུས་མཐོག་སྒང་གི་ན་ཁུགས་ཅུང་ཆེ་ས་ཐམས་ཅད་ནི་ཁྲུང་ཁྲུང་སྐེ་ནག་གི་ཕ་ས་རུ་གྱུར་ཡོད། །


མཁའ་དབྱིངས་སུ་གཤོག་རྩལ་ངོམས་པའི་ཁྲུང་ཁྲུང་སྐེ་ནག །

རྔ་བ་མཎྜལ་ཐང་གི་ཁྲུང་ཁྲུང་སྐེ་ནག །

རྔ་བ་མཎྜལ་ཐང་གི་ཁྲུང་ཁྲུང་སྐེ་ནག །

རྔ་བ་མཎྜལ་ཐང་གི་ཁྲུང་ཁྲུང་སྐེ་ནག །

ཆུ་རྩེན་ལ་རོལ་བའི་ཁྲུང་ཁྲུང་སྐེ་ནག །


ཆུ་རྩེན་ལ་རོལ་བའི་ཁྲུང་ཁྲུང་སྐེ་ནག །


ཟས་རྩོད་བཞིན་པའི་མཚོ་གླག་མཇུག་དཀར།

ཟས་རྩོད་བཞིན་པའི་མཚོ་གླག་མཇུག་དཀར།


ཟས་རྩོད་བཞིན་པའི་མཚོ་གླག་མཇུག་དཀར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1