ཟླ4བའི་ཚེས1ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ཁོངས་སུ་ཁ་བ་བབས་པ་དང་། ཁ་བས་རི་རྐེད་དང་རི་མཐོའི་ས་ཁུལ་ཡོངས་སུ་གཡོགས་ཤིང་། ཁ་བ་བབས་རྗེས་ཀྱི་མཛེས་མའི་ལུང་པའི་བརྒྱ་གཅིག་དང་དབུས་ལམ་སོགས་ཀྱི་བོད་ལུགས་སྡོད་ཁང་དེ་དངུལ་གྱིས་ཐུམ་དང་འདྲ་ཞིང་སྤྲིན་སྨུག་འཐུལ་གྱིན་ཡོད། རྒྱང་རིང་ལ་བལྟས་ཚེ། ཁ་བའི་མཛེས་ལྗོངས་ཀྱིས་བརྒྱན་པའི་གནའ་མཁར་དང་བོད་ལུགས་སྡོད་ཁང་སྔར་ལས་ལྟ་ན་སྡུག་པ་ཞིག་ཡིན་པས། རྣམ་པ་དེ་དག་གིས་དཔྱིད་དུས་ཀྱི་ཡིད་དབང་འགུག་པའི་རི་མོ་ཞིག་གྲུབ་ཡོད། །