——རྔ་བ་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ནུས་ལྡན་ངང་འབྲེལ་མཐུད་བྱས་ཚུལ་བཀོད་པ།
2021ལོའི་ཟླ་2ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག“ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱིས་དབུལ་བྲལ་གནད་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་མདུན་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ནས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས། ཞེས་མཛུབ་སྟོན་གལ་ཆེན་གནང་།
དུས་ཚོད་ནི་དྲགས་སུ་བཞུར་བའི་ཆུ་བོ་ཞིག་དང་འདྲ་བར། རྔ་བའི་བུ་བུ་མོ་ཁྲི་94ཡིས་བརྗིད་ཆགས་ཡིད་དུ་འོང་བའི་ལམ་ཐག་བརྒྱུད་དེ་དུས་བཀག་ལྟར་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན།
བབ་བསྟུན་འཕྲལ་སྒྲུབ་དང་མུ་མཐུད་འབད་འཐབ་བྱས་པ། རི་བོ་སྐུ་བླའི་རི་འདབས་ནས་རྨིན་ཅང་གཙང་བོའི་འགྲམ་ངོགས་བར། མཛོད་དགེ་རྩྭ་ཐང་ཆེན་མོ་ནས་ཆུ་ཆེན་རྒྱལ་མོ་རྔུལ་ཆུའི་བར། རང་ཁུལ་གྱིས་གནས་ཚུལ་དངོས་ལ་དམིགས་ནས་ཞིབ་འཇུག་དབྱེ་ཞིབ་གཏིང་ཟབ་དང་ཇུས་འགོད་ཞིབ་ཚགས་བྱས་ནས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱ་རྒྱུའི་འཐབ་ཇུས་ཀྱི་དམིགས་འབེན་བཏོན་པའི་རྨང་གཞིའི་ཐོག་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་བརྗོད་གཙོ་འདིའང་གནད་འཁེལ་ཁོང་དུ་ཆུད་པར་བྱས། 《རྔ་ཁུལ་གྱི་ཁྱིམ་གཞིས་གསུམ་གྱི་ལས་གྲྭའི་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》བཏོན་པ་དང་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་གོ་སྐབས་ལ་བརྟེན་ནས་སྐྱེ་ཁམས་མཛེས་སྡུག་ལྡན་ལ་འཆམ་མཐུན་བདེ་སྐྱིད་འོང་བ། འབྱོར་ཕྱུག་འབྱོར་འབྲིང་གི་ཁྱིམ་གཞིས་གསུམ་བཅས་ཀྱི་གྲོང་གསེབ་ཁག་ཅིག་བསྐྲུན་རྒྱུ་དམ་འཛིན་བྱ་བ་གཞིར་བྱས་ནས་ཡང་བསྐྱར་དབུལ་བོར་འགྱུར་རྒྱུར་སྔོན་འགོག་དང་རོགས་སྐྱོར་ཤུགས་ཆེན་བྱས་པས་དབུལ་བྲལ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ་དང་དབུལ་བྲལ་གྱི་ཕན་འབྲས་སྔར་ལས་རྒྱུན་མཐུད་ངང་ཡང་བསྐྱར་དབུལ་བོར་འགྱུར་མི་སྲིད་པའི་མཐའ་ཚད་བསྲུངས་ཡོད། ཐོན་ལས་དར་རྒྱས་དང་ལས་ཞུགས་སྐུལ་འདེད། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། གྲོང་གསེབ་དར་རྒྱས་ཡོང་བའི་མགོ་ཡག་པོ་ཞིག་འཛུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
ད་ལྟ། དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གྱུར་ཏེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་འབྲེལ་མཐུད་བྱེད་པ་དེ། བོད་ཆའང་གྲོང་སྡེ་དང་། སྐྱིད་པའི་ཞིང་ཁར་སྐྱེ་སྟོབས་དང་རེ་བས་ཁེངས་ཡོད།
མཐའ་འཁྱོངས་བཞི་སྔར་ལས་དོན་འཁྱོལ་བྱས་པ།
ཁུལ་ཡོངས་ཀྱིས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བཅས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱ་ཆེད། ད་ལོའི་ཟླ་1བོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《རྔ་ཁུལ་གྱི་ཁྱིམ་གཞིས་གསུམ་གྱི་ལས་གྲྭ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས།
《ཇུས་གཞིའི》ནང་སྐྱེ་ཁམས་མཛེས་སྡུག་དང་འཆམ་མཐུན་བདེ་སྐྱིད། འབྱོར་ཕྱུག་འབྱོར་འབྲིང་གི་ཁྱིམ་གཞིས་གསུམ་བསྐྲུན་རྒྱུའི་ལས་འགན་ཡི་གེ་དང་། ལམ་ཐིག་རི་མོ། དུས་ཚོད་རེའུ་མིག་སོགས་ཁ་གསལ་བྱས་ཡོད།
2021ལོ་ནས་2025ལོའི་བར་དུ་ཡུལ་གྲོང་72དང་། སྲིད་འཛིན་གྲོང་སྡེ་337དང་། གཙོ་གནད་རོགས་སྐྱོར་གྲོང་སྡེ་136བཅས་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས་ནས་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་མཛེས་སྡུག འཆམ་མཐུན་བདེ་སྐྱིད། འབྱོར་ཕྱུག་འབྱོར་འབྲིང་བཅས་ཀྱི་ཁྱིམ་གཞིས་གསུམ་སྒོ་ཀུན་ནས་ལག་བསྟར་བྱས་ཏེ་ཁྱབ་གདལ་གཏོང་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་གྲོང་གསེབ་ཀྱི་དཔེ་སྟོན་ཆགས་ཡོད།
ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཕུགས་ཀྱི་འབྱུང་འགྱུར་ལ་དམིགས་པ། 《ཇུས་གཞིའི》གནད་འཁེལ་གནས་བབ་དེས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་འཆར་འགོད་བྱས་ཏེ་ཁྱིམ་གཞིས་གསུམ་གྱི་འཕེལ་རྒྱས་འཆར་འགོད་མིག་ལམ་དུ་མངོན་ཡོང་། རང་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ནས“མཐའ་འཁྱོངས”ཀྱི་གཞི་རྩའི་རྩ་དོན་བཞི་ཁ་གསལ་བཟོས།
ཡུག་འབྲེལ་སྐུལ་སྤེལ་མཐའ་འཁྱོངས་དང་རྫོང་ཁོངས་གཙོ་བོར་བྱེད་པ། ལྟེ་བའི་གྲོང་རྡལ་དང་། ཁྱད་ལྡན་གྲོང་རྡལ། ལྟེ་བའི་གྲོང་སྡེ་བཅས་ལ་བརྟེན་པ། སྒྲིག་སྲོལ་མང་པོ་གཅིག་ཏུ་སྒྲིལ་བ།གྲོང་སྡེ་མང་པོ་གཅིག་ཏུ་སྒྲིལ་བ། སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱེད་པ། གཅིག་སྡུད་ཡུག་སྦྲེལ་གྱིས་སྐུལ་སྤེལ་གཏོང་བ་དང་། མ་དངུལ་འཇོག་སྟངས་སྣ་ཚོགས་མཐའ་འཁྱོངས་ཀྱིས་ཞིང་འབྲེལ་སྡེ་ཚན་དང་། རིགས་མཐུན་རོགས་སྐྱོར། ཁེ་ལས་ཁྲིས་གྲོང་སྡེ་ཁྲི་དར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མ་དངུལ་སྣ་ཚོགས་གཏོང་བའི་མ་ལག་ཅིག་ཆགས་པར་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་བསྒྲུབ་རྒྱུ་དང་། རིགས་དབྱེ་ལག་བསྟར་མཐའ་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་གྲོང་སྡེར་སྲིད་ཇུས་ལག་བསྟར་བྱེད་པ། གྲོང་གསེབ་ཀྱི་ད་ཡོད་ཐོན་ལས་ལེགས་ཆ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས། སྐྱེ་ཁམས་མཛེས་ལྗོངས་བཅས་ལ་བརྟེན་ནས་གཙོ་གནད་གྲོང་གསེབ་དང་ཁྱད་ལྡན་གྲོང་གསེབ་ཁག་ཅིག་གཅིག་སྡུད་འཛུགས་སྐྲུན་བྱེད་པ། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐར་ཐིག ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི། སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་ཀྱི་ཞིབ་ཐོ་བཅས་ནན་སྲུང་ངང་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་བཅོས་སྒྲིག དམངས་སྲོལ་དར་སྤེལ། ལོ་རྒྱུས་ཤུལ་བཞག་དང་རིག་གནས་སྲུང་སྐྱོང་གསར་སྤེལ་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་གཅིག་གྱུར་དམ་འཛིན་ལེགས་པོ་བཅས་རྒྱུན་འཁྱོངས་བྱས།
དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བར་རྣམ་གྲངས་ཀྱི་འདེགས་སྐྱོར་ཧ་ཅང་གལ་ཆེན་ཡིན། རྔ་བ་ཁུལ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཕེང་ཁའེ་ཅན་གྱིས་གསར་འགོད་པར་མིག་སྔར་ཁུལ་ཡོངས་སུ་རྣམ་གྲངས་860གྲ་སྒྲིག་བྱས་ཡོད། ལོ་འགོར་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་12.29ཁག་བགོས་གཤམ་སྤྲོད་བྱས་པ་དང་ལོ་ཧྲིལ་བོའི་རྣམ་གྲངས་ཁག་དང་པོ་551ཞིབ་བཤེར་གཏན་འབེབས་བྱས་ནས་རྣམ་གྲངས་གཅིག་འཛུགས་སྐྲུན་བྱེད་མགོ་ཚུགས་རྒྱུ་དང་རྣམ་གྲངས་གཅིག་ལ་སྔ་ཙམ་ཕན་འབྲས་ཐོན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བཤད།
མང་ཚོགས་ཀྱིས་མཛེས་སྡུག་ལྔ་མངོན་འགྱུར་ཡོང་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་བ།
གྲོང་གསེབ་དར་རྒྱས་ཀྱི་ཁོངས་སུ་གྲོང་གསེབ་ཚང་མར་གཞན་དང་མི་འདྲ་བའི་མཛེས་ལྗོངས་རེ་ཡོད་དགོས།
དེར་བརྟེན་ཁྱིམ་གཞིས་གསུམ་གྱི་ལས་གྲྭའི་འཛུགས་སྐྲུན་གྱི་ཞིབ་ཕྲའི་ནང་དོན་ཐད། རང་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་གཏོང་བ་དང་རྨང་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ལོ་རྒྱུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྒྱུན་འཛིན་བྱ་རྒྱུ་གཞིར་བཟུང་ནས་ཧེ་བག་ཅན་དང་ཁྱད་ལྡན་ཅན་གྱི་ཐབས་ལམ་མཐའ་འཁྱོངས་ཀྱིས་རིགས་ཆེ་གྲས་5ཡི་རྣམ་གྲངས་14ཡི་འཛུགས་སྐྲུན་གྱི་ལག་བསྟར་ནང་དོན་ཞིབ་ཕྲ་བཟོས་ནས་གྲོང་གསེབ་ཀྱི་བཀོད་པ་དང་། ཐོན་ལས། ཁོར་ཡུག འཚོ་བ། དར་སྲོལ་བཅས་ཀྱི་མཛེས་སྡུག་ལྔ་མངོན་འགྱུར་བྱུང་བས་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁོར་ཡུག་གི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།
གྲོང་གསེབ་དར་རྒྱས་གཏོང་བའི་འབོད་སྐུལ་ཁྲོད་རང་ཁུལ་གྱིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་མཛེས་སྡུག་དང་གྲོང་གསེབ་ཀྱི་ཕྱུག་འགྱུར་དོན་གཉེར་བྱེད་པའི་གོམ་སྟབས་སུ་བསྒྱུར་ནས་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ཁྲོད་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་བཞིན་ཡོད།
གཞི་གྲངས་ལས་མངོན་གསལ། ཁྱིམ་གཞིས་གསུམ་གྱི་ལས་གྲྭ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་ཡུལ་ཚོ་(གྲོང་རྡལ)17གྱི་ཚོད་ལྟའི་ས་ཚིགས་དང་གྲོང་སྡེ་60ཡི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་ལ། ལས་དོན་ཁག་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ནི་མཛེས་སྡུག་ལྡན་པའི་རི་མོ་བཞིན་ཇི་ཙམ་བྲིས་ན་དེ་ཙམ་གྱིས་ཡག་པོར་ཆགས་འདུག
འགན་འཁྲི་སྔར་བས་ནན་དུ་བཏང་ནས་ལམ་སྲོལ་ཆེན་པོ་བཞི་བཙུགས་པ།
གྲོང་གསེབ་དར་རྒྱས་གཏོང་རྒྱུ་ནི་མིག་མངས་ཆེན་པོ་ལྟ་བུ་ཞིག་ཡིན་པས། མིག་མངས་ཆེན་པོ་དེ་ཡག་པོ་རྒྱག་པར་དང་སྒྲིག་འཛུགས་ནུས་ལྡན་དང་འཁོར་སྐྱོད་ཕན་འབྲས་ཆེ་བའི་ལས་ཀའི་ལམ་སྲོལ་ཆ་ཚང་ཞིག་འཛུགས་རྒྱུ་ནི་འགག་རྩ་རེད།
རང་ཁུལ་གྱིས་ཁུལ་རིམ་པའི་གཙོ་ཁྲིད་དང་རྫོང་རིམ་པའི་གཙོ་གཉེར། གྲོང་གསེབ་ལག་བསྟར་བྱེད་པའི་ལས་ཀའི་མ་ལག་བཙུགས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་ཁུལ་ཨུ་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚན་ཆུང་གིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཏེ་རིམ་པ་བཞིན་ཁྱིམ་གཞིས་གསུམ་གྱི་ལས་གྲྭའི་འཛུགས་སྐྲུན་གྱི་ཆེད་དོན་ཚན་ཆུང་བཙུགས་ནས་ཞིབ་ཕྲའི་སྤྱི་འདོམས་སྐུལ་འདེད་ཀྱི་འགན་འཁུར་གྱིན་ཡོད།
རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས། རང་ཁུལ་གྱིས་ཁྱིམ་གཞིས་གསུམ་གྱི་ལས་གྲྭའི་འཛུགས་སྐྲུན་ལེགས་འགྲུབ་བྱས་ཚུལ་རྫོང་(གྲོང་ཁྱེར)ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དོན་དངོས་དཔྱད་ཞིབ་ནང་བཅུག་པར་མ་ཟད། དཔྱད་ཞིབ་ཀྱི་མཇུག་འབྲས་དེ་སྔོན་ལ་ལེགས་འདེམས་དང་འགན་འཁྲི་བདའ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་ལས་བྱེད་པས་ལས་དོན་བསྒྲུབ་པར་རང་འགུལ་ངང་གང་ལེགས་གང་བཟང་ཡོང་བར་བྱེད་ཀྱིན་ཡོད།
ཀྱག་ཀྱོག་གི་ལམ་བུར་བགྲོད་པར་དཀའ་སྤྱད་འབད་པ་བརྩོན་བྱེད་དགོས། དབུལ་ཕོངས་ལས་ཐར་བ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར། རང་ཁུལ་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པས། དབུལ་བྲལ་མང་ཚོགས་དང་དབུལ་ཞྭ་ཕུད་པའི་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བར་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་གོམ་སྟབས་གསར་བ་ཅི་ནུས་ཀྱང་སྤོ་ངེས།།