རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡེ་ཤེས་ཟླ་བས་ཞིན་ཅིན་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-05


            ཉེ་ཆར། དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་འཛམ་གླིང་ལ་མིག་རྒྱང་ཕྱོགས་པ་སྟེ། ཧྥ་རན་སི་དང་སི་ཝེས་ཙེར་གྱི་རི་ཁུལ་ཡུལ་སྐོར་ལས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་ཐོབ་པའི་བློ་བསྐྱེད་ཅེས་པའི་ཆེད་དོན་འཆད་ཁྲིད་གནང་ཡོད་ལ། དཀར་མཛེས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཀྱི་ཁ་ཕྱོགས་མི་གསལ་བ་དང་འཆར་འགོད་དོན་དངོས་དང་མི་འཚམས་པ། ཡུལ་སྐོར་ཐོན་རྫས་སྣ་གཅིག་ཅན་ཡིན་པ། ཚད་བཀག་གི་ཆ་རྐྱེན་མང་པ། ཁྲོམ་རར་ཞིབ་འཇུག་བྱས་པ་གཏིང་མི་ཟབ་པ། ཡུལ་སྐོར་གྱི་ཁོར་ཡུག་ལེགས་པོ་ཆགས་མེད་པ། སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་ལེགས་པོ་མེད་པ། ཁྲོམ་ར་དོ་དམ་གྱི་འཐུས་ཤོར་སོགས་ཀྱི་གནད་དོན་འབུར་དུ་ཐོན་པ་མང་པོར་དབྱེ་ཞིབ་བྱས་ཡོད།

            ཞིན་ཅིན་ཚགས་པར་གྱི་གསར་འགོད་པས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བ་ལ་བཅར་འདྲི་བྱས། དཀར་མཛེས་ཁུལ་ནི་མ་གཞི་ནས་མཛེས་ལྗོངས་ཁུལ་ཆེན་པོ་ཞིག་ཡིན་དེ། ཁུལ་འདིའི་རྫོང་ཚང་མ་ནི་མཛེས་ཁུལ་ཡིན་ཞེས་ཡེ་ཤེས་ཟླ་བས་གཟི་བརྗིད་དང་ལྡན་པའི་སྒོ་ནས་གསུངས། འདི་ཡང་དཀར་མཛེས་ཁུལ་གྱི་ཕྱོགས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་གཞི་འཛིན་ས་ཞིག་ཡིན་ཏེ། ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་དང་མཛེས་ཁུལ་གསར་བཟོ། ཐོན་ལས་མཉམ་འབྲེལ་སོགས་ཀྱི་ཆེས་ཐོག་མའི་ལས་ཀའི་རྣམ་པ་ཆགས་པར་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1