སྤྱི་ཟླ་3པའི་ཚེས་3ཉིན། ནེ་རོ་བྷི་རྒྱལ་ཁབ་ཀྱི་སྤྱི་གླིང་དུ། ཁེན་ནི་ཡ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཅུས་ཀྱི་ལས་བྱེད་པ་ཚོས་ལྐོག་འདྲེན་བྱས་པའི་གླང་ཆེན་གྱི་མཆེ་བ་མེར་སྲེག་བཞིན་པ།
སྤྱི་ཟླ་3པའི་ཚེས་3ཉིན། ཁེན་ནི་ཡའི་སྲིད་འཛིན་ཡུ་ཧོ་རུའུ་ཁེ་ཡ་ཐ་ཡིས་ནེ་རོ་བྷི་རྒྱལ་ཁབ་སྤྱི་གླིང་དུ་ལྐོག་འདྲེན་བྱས་པའི་གླང་ཆེན་གྱི་མཆེ་བ་ཏུན་15མེར་བསྲེགས་པར་མ་ཟད། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔོན་འགོག་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལྐོག་འདྲེན་བྱེད་པའི་དགོངས་པ་དང་ཡང་མཐུན་ཞེས་བཤད། ཁེན་ནི་ཡ་སྲིད་གཞུང་གིས་མུ་མཐུད་ནས་གླང་ཆེན་གྱི་མཆེ་བ་ལྐོག་འདྲེན་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དང་དོ་དམ་ནན་མོ་བྱས་ཏེ་ལྐོག་འདྲེན་བྱེད་པ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། །