རྫོང་དང་གྲོང་ཁྱེར་ཁག་གི་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་དང་ཁུལ་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཁོངས་ཞུགས་ལས་ཁུངས།
ཁུལ་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་ལས་ཀ་སྔར་བས་ཡག་པོ་སྒྲུབ་ཆེད། ཞིང་ཆེན་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་བཀོད་འདོམས་པུའུ་ཡི་བླང་བྱ་དང་དོན་དངོས་ལས་ཀའི་དགོས་མཁོར་གཞིགས་ནས། རང་ཁུལ་གྱིས“དཀར་མཛེས་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད་མ་ལག”གི་བསྒྲིགས་རིམ་ཆུང་ངུ་གསར་སྤེལ་བྱས་པ་རེད། ཐོ་འགོད་བསྒྲིགས་རིམ་ཆུང་ངུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་དཀར་མཛེས་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་བདེ་ཐང་དང་རྗེས་ཤུལ་སོགས་རིམས་ཚུལ་འགོག་ཟོན་གྱི་ཆ་འཕྲིན་གལ་ཆེན་ཤེས་རྟོགས་བྱུང་ཆེད། ད་ཆ་ཐོ་འགོད་བསྒྲིགས་རིམ་ཆུང་ངུ་སྤྱོད་འགོ་ཚུགས་པའི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྡ་ཐོ་གཏོང་བ་གཤམ་གསལ།
གཅིག། ཕྱོགས་ཡོངས་ནས“དཀར་མཛེས་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད་མ་ལག”གི་བསྒྲིགས་རིམ་ཆུང་ངུ་སྤྱོད་འགོ་ཚུགས་ཏེ། སྤྱི་ཟླ4པའི་ཚེས20ཉིན་གྱི་ཆུ་ཚོད0ནས་བཟུང་། ཁུལ་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་འགག་ཚུགས26གིས་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད་དང་མི་སྒེར་གྱི་འགྲོ་སྐྱོད་གནས་ཚུལ། བདེ་ཐང་ཨང་རྟགས་སྔོན་པོ་དཔྱད་བཤེར་དེ་དག་ནི་འགྲོ་འོང་བྱེད་སའི་ཆ་རྐྱེན་གཙོ་བོར་གྱུར་བ་རེད།
གཉིས། “ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད”བསྒྲིགས་རིམ་ཆུང་ངུ་བེད་སྤྱོད་དྲིལ་བསྒྲགས་ལ་ཤུགས་རྒྱག་དགོས། ཁུལ་དང་རྫོང་། གྲོང་ཁྱེར་སོགས་ཀྱི་རིམས་ཚུལ་འགོག་ཟོན་དྲིལ་བསྒྲགས་ཚོ་ཆུང་གིས་འཕྲིན་སྦྱོར་མཉམ་འདྲེས་དང་འཕྲིན་སྟེགས་སོགས་བེད་སྤྱོད་གཙོ་བོར་བྱས་ནས་དྲིལ་བསྒྲགས་རྒྱ་ཁྱབ་གཏང་དགོས། མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་དང་ལམ་ཁྲལ་ཚུགས། ཁུལ་དུ་བསྐྱོད་པའི་གཞུང་ལམ་འགག་ས། གནམ་གྲུ་ཐང་སོགས་འགྲིམ་འགྲུལ་འགག་ས་བདེ་ཐང་ཞབས་ཞུ་ས་ཚུགས། ཁུལ་དུ་འོང་མཁན་གྱི་འགྲུལ་སྐྱེལ་རླངས་འཁོར་སོགས་ལ་གསལ་བརྡ་ཡི་གེ་སྦྱར་བ་དང་། དཀར་མཛེས་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད་མ་ལག་གི་བསྒྲིགས་རིམ་ཆུང་ངུའི་ཚད་གཉིས་ཨང་བཤེར་སྤྱད་དེ་དྲིལ་བསྒྲགས་ལས་ཀར་ཤུགས་རྒྱག་དགོས། ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣར་སྔོན་ནས་ཐོ་འགོད་དཔྱད་གཞིའི་ཡིག་རིགས་འབྲི་བར་ཁྲིད་སྟོན་བྱ་དགོས་པ་དང་། འཁྱེར་འཕྲིན་དང་གློག་འཕྲིན། འབྲེལ་འཕྲིན་སོགས་གློག་འཕྲིན་འཁོར་སྐྱོད་ཚོང་གཉེར་གྱིས་ཁུལ་དུ་ལོག་མཁན་གྱི་འཕྲིན་ཐུང་ནང་དུ་མི་སྣའི་ཐོ་འགོད་བསྒྲིགས་རིམ་ཆུང་ངུའི་འབྲེལ་ཡོད་དྲན་སྐུལ་དང་སྦྲེལ་མཐུད་བསྣན་ནས་བེད་སྤྱོད་གཏང་དགོས། སྤྱི་ཁུལ་ཚགས་བཤེར་མི་སྣས་སྤྱི་ཁུལ་གྱི་འབྲེལ་ཡོད་ལས་ཀའི་ཚོགས་པ་ནང་རང་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣར་སྔོན་ནས་ཐོ་འགོད་ལས་ཀ་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱ་དགོས།
གསུམ།“ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད”བསྒྲིགས་རིམ་ཆུང་ངུའི་གཞི་གྲངས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཡུལ་ཤོག་དང་གྲོང་རྡལ། གྲོང་ཚོའི(སྤྱི་ཁུལ)ལས་ཁུངས་ཁག་བཅས་ཀྱིས་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་ལ“ཐོ་འགོད་བྱེད་པའི”བསྒྲིགས་རིམ་ཆུང་ངུའི་སྦྲེལ་མཐུད་གཏོང་དགོས་པར་མ་ཟད། ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣར་ཡུལ་ཤོག་དང་གྲོང་རྡལ། གྲོང་ཚོ(སྤྱི་ཁུལ)། ལས་ཁུངས་ཁག་སོགས་སྤྱི་ཁུལ་ཁག་གི་ཚགས་བཤེར་ཆེད་དོན་ཚན་ཁག་གི་ཁོངས་ཞུགས་སྡེ་ཚན་གྱིས་དུས་ཐོག་ཏུ“ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་ཐོ་འགོད”བསྒྲིགས་རིམ་ཆུང་ངུ་སྤྱད་ཡོད་མེད་ལ་ཞིབ་བཤེར་བྱ་དགོས། ཁུལ་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ཡི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་ཁུལ་ཡོངས་ཀྱི“ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད”བསྒྲིགས་རིམ་ཆུང་ངུ་དོན་འཁྱོལ་བྱ་ཚུལ་ལ་ལྐོག་འདྲི་སྐོར་ཞིབ་བྱ་རྒྱུ་དང་། བླང་བྱ་ལྟར་དོན་འཁྱོལ་ནན་པོ་བྱས་མེད་པ་ཚོར་འགན་འཁྲི་བདའ་འདེད་ནན་པོ་གཏང་རྒྱུ་རེད།
དཀར་མཛེས་ཁུལ་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་ནས།
2022ལོའི་སྤྱི་ཟླ4པའི་ཚེས18ཉིན།