ཤེར་ཆུའི་འགྲམ་རྒྱུད་དུ་བྲག་འགོའི་བོད་གྲོང་མཛེས།སྟོང་ཚེ་ཆོས་ཀྱི་གྲོང་གསེབ་པར་རིས་བརྩམས་ཆོས་བདམས་བཀོད།

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


 དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། 2021ལོ་ནས་བཟུང་རང་རེའི་ཞིང་ཆེན་གྱིས་མཛེས་སྡུག་ལྡན་པའི་སི་ཁྲོན། བདེ་སྐྱིད་ལྡན་པའི་གྲོང་གསེབ། ཅེས་པ་ལག་བསྟར་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་མ་འཇོག་སྣེ་ཁྲིད་ཐེབས་རྩ་སྒོར་དུང་ཕྱུར་100བཙུགས་ཏེ་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་དང་ཞིང་པའི་སྡོད་ཁང་ལ་ཡོམ་འགོག་སྒྱུར་བཀོད་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་དང་འཚོ་བའི་གད་སྙིགས་གཙང་སེལ་མ་ལག་ཁྱབ་ཚད་ཁག་སོ་སོར་87%དང་96%ཟིན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་1.7གསར་དུ་བཅོས་སྐྲུན་བྱས་པ་དང་བཟང་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་རྒྱལ་ཡོངས་ཀྱི་དཔེ་སྟོན་གྲོང་ཁྱེར་1དང་དཔེ་སྟོན་རྫོང་10གསར་སྐྲུན་བྱས་པ། ཤང་དང་གྲོང་རྡལ་12དང་གྲོང་ཚོ་119རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་རྡལ་དུ་ངོས་འཛིན་བྱས་པ་དང་། གནའ་གྲོང་མཛེས་ཤོས་20དང་གྲོང་ཚོ་མཛེས་ཤོས་30 ཆུ་གཙང་གྲོང་གསར་316བཅས་དཔྱད་འདེམས་བྱས་ཡོད། སི་ཁྲོན་གྱིས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བའི་འགོ་ཡག་པོ་ཞིག་ཚུགས་ཐུབ་པ་བྱུང་ཡོད།

 

ཤེར་ཆུའི་འགྲམ་དུ་སླེབས་སྐབས་བང་ཁང་བོད་སྡེ་པད་ཁའི་མེ་ཏོག་གི་རྒྱ་མཚོའི་དབུས་སུ་ཀྲོང་ངེར་ཡོད་པ་དང་། འཕྲུལ་རྟས་ཀྱག་ཀྱོག་གི་གྲོང་གསེབ་གཞུང་ལམ་དུ་བང་རྩལ་འགྲན་ལ་ཞིང་ནང་དང་མུ་ཁར་ཡོང་ནས་ལོ་ལེགས་བསྡུ་བར་རོགས་རམ་ཡང་བྱ་ཐུབ། མཐོ་སྒང་གི་དུས་ཚིགས་ཡག་ཤོས་སུ་སྦྲ་གུར་ཕུབ་ནས་མེ་ཕུང་གི་མཐའ་ནས་སྐྱིད་པའི་སྐོར་བྲོ་འཁྲབ་ལ་སྙན་པའི་གཞས་དབྱངས་ལེན། མ་ཟད་གླིང་ག་གཏོང་བ་དང་རྟ་རྒྱུག་འགྲན་བསྡུར་སོགས་སྐྱིད་པའི་དཔལ་ལ་རོལ་བར་བྱ། མི་རྣམས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་ཞིང་འབྲོག་མང་ཚོགས་ཀྱི་གདོང་ནས་འཛུམ་མདངས་འཕྱུར་བ་དང་བོད་གྲོང་ལ་སྐྱེ་སྟོབས་གསར་པ་རྒྱས་ཡོད།

རང་རེའི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་ཆེད་ཐེངས་འདིའི"མཛེས་པའི་གངས་ལྗོངས་ཕྱུག་མོ"ལེ་ཚན་དུ་གྲོང་གསེབ་དར་རྒྱས་ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བྲག་འགོ་རྫོང་གི་བོད་གྲོང་གི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་མིག་གི་དགའ་སྟོན་དུ་ཕུལ་ཡོད། །

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1