སེར་ཤུལ་རྫོང་གིས་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-29



    སེར་ཤུལ་རྫོང་གིས་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོའི་བྱེད་སྒོ་སྤེལ།

    སྤྱི་ཟླ4པའི་ཚེས25ཉིན་གྱི་སྔ་དྲོར་སེར་ཤུལ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སེར་ཤུལ་རྫོང་གྲོང་ཁུལ་བྱིས་སློབ་ཁང་གི་སྒོ་འགྲམ་དུ་རྒྱལ་ཡོངས་ཀྱི་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཟླ4པའི་ཚེས25ཉིན་ནི་རང་རྒྱལ་གྱིརྒྱལ་ཡོངས་ཀྱི་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོཐེངས36པ་དེ་ཡིན་ཞིང་། འགོག་ཁབ་ཀྱི་གལ་ཆེའི་རང་བཞིན་ལ་སྔར་བས་བསམ་ཤེས་ཐུབ་ཆེད་འགོག་ཁབ་ཀྱིས་འགོ་ནད་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཚུལ་དྲིལ་བསྒྲགས་ཧུར་ཐག་བྱས།   ད་ལོའི་དྲིལ་བསྒྲགས་གཙོ་དོན་ནིདུས་ཐོག་ཏུ་རིམས་འགོག་སྨན་ཁབ་བརྒྱབ་ནས་ཚེ་སྲོག་བདེ་ཐང་འགན་སྲུངདང་། འགོག་ཁབ་རྒྱག་པ་ནི་འགོས་ནད་ཚོད་འཛིན་བྱེད་པའི་ཆེས་ནུས་ལྡན་དང་། ཆེས་སླ་ཤོས། ཆེས་གྲོན་ཆུང་བཅས་ཀྱི་བྱེད་ཐབས་ཤིག་ཡིན་ཞིང་། འགོག་ཁབ་ཀྱིས་གྲངས་ལས་འདས་པའི་བྱིས་པ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ་རེད།

སེར་ཤུལ་རྫོང་གིས་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོའི་བྱེད་སྒོ་སྤེལ།

        སེར་ཤུལ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཁྱིམ་བདག་ཚོར་བྱིས་པའི་རིམས་ཐར་གོ་རིམ་དང་། རིམས་འགོག་སྨན་ཁབ་ཀྱི་སྔ་རྗེས་ཀྱི་དོ་སྣང་བྱ་ཡུལ། རིམས་འགོག་སྨན་ཁབ་ཀྱི་གལ་ཆེའི་རང་བཞིན་དང་འབྲེལ་ཡོད་སྲིད་ཇུས་སོགས་གསལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། དྲིལ་བསྒྲགས་དཔྱད་ཡིག་ཀྱང་སྤྲད་པ་རེད།

སེར་ཤུལ་རྫོང་གིས་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོའི་བྱེད་སྒོ་སྤེལ།

        རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དཔེ་དེབ450ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ80ལྷག་ཙམ་སྤྲད་པ་རེད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་རིམས་འགོག་སྨན་ཁབ་སོན་འཛུགས་ཀྱིས་ནད་གཞི་སྔོན་འགོག་བྱེད་པའི་དོན་སྙིང་གལ་ཆེན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང་། ཁྱིམ་བདག་གིས་རིམས་ཐར་ལས་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་ཕྱིན་པ། མང་ཚོགས་ཀྱིས་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་རྒྱག་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ་སོགས་ལ་དྲིལ་བསྒྲགས་ཀྱིས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1