ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚོར་སྐུལ་ལྕག་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-05
ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་5ཚེས་2ཉིན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་འཛུགས་སྐྲུན་གྱི་གཞོན་ནུའི་ཚོགས་པར་འཕྲིན་ལན་སྤྲིངས་ནས། འཇིག་རྟེན་འཕུར་སྐྱོད་འཐབ་ཕྱོགས་ཀྱི་གཞོན་ནུ་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་ཁོང་ཚོར་ཐུགས་རེ་ནན་པོ་བཅོལ་གནང་ཡོད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་བཀླགས་རྗེས། ངས་ལོ་9ཡི་སྔོན་ལ་ཁྱེད་ཚོའི་ན་གཞོན་ཚན་རིག་ཞིབ་འཇུག་མི་སྣ་དང་སྤེལ་རེས་བྱས་པའི་གནས་ཚུལ་དྲན་བྱུང་། ལོ་9ཡི་རིང་། ལྷ་ཡི་ཕོ་བྲང་དང་། བྱང་སྐར་སྤུན་བདུན་། ཟླ་བའི་ལྷ་མོ་བཅས་ནས་ཐེན་ཧོ་དང་། གནམ་འདྲི། ཤིས་ཧོ་བཅས་བར་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་བཏོད་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་གཞོན་ནུ་འབོར་ཆེན་ཞིག་གིས་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་མི་རབས་ནས་མི་རབས་བར་མུ་མཐུད་འབད་འཐབ་བྱ་རྒྱུར་བརྟེན་དགོས། རྒྱ་ཆེའི་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚོས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། གསར་གཏོད་ཚད་བརྒལ་བྱེད་ཕོད་པ་བྱས་ཏེ། བར་སྣང་ཁམས་འཚོལ་ཞིབ་ཀྱི་ལམ་བུའི་ཐོག་ལང་ཚོའི་བཀྲག་མདངས་འཚེར་བ་དང་། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཆུ་ཚད་མཐོ་པོར་རང་ཚུགས་དང་། རང་སྟོབས། རང་འཕེལ་བཅས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག
སྤྱི་ལོ་2013ལོའི་ཟླ་5ཚེས་4ཉིན་ཞི་ཅིན་ཕིང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། གཞོན་ནུས་འགན་འཁྲི་འཁུར་ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་ཏེ། ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པ་བཙུགས་ནས་ལོ་100འཁོར་བའི་སྐབས་སུ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་འཛུགས་སྐྲུན་གྱི་ན་གཞོན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་དང་། ཚོགས་པ་དེའི་ཚབ་ཞུས་ནས་ལོ་9ཡི་རིང་ལས་འགན་ལྕི་པོ་འཁུར་ནས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་སེང་ཞུས་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་པར་བྱས་ཡོད།