ཁྱད་ལྡན་ཞིང་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-05



        ཉེ་ལམ། རྔ་བ་ཁུལ་ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཤོག་དྷ་ཀེ་སྨད་པ་ཡུལ་ཚོའི་མུའུ་30ཡོད་པའི་རི་མཐོའི་སྔོ་ཚལ་རྟེན་གཞིར་ཡུལ་མི་རྣམས་ཀྱིས་ཞིང་ཁ་བདག་གཉེར་བྱེད་བཞིན་ཡོད་པ་རེད། མིག་སྔར་རྟེན་གཞིར་འདེབས་འཛུགས་བྱས་པའི་ཚོད་མ་གླང་རྔ་དང་། མེ་ཚོད་དཀར་པོ། སུར་སྔོན་སོགས་སྔོ་ཚལ་སྐྱེ་ཚུལ་ལེགས་པོ་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན། སྤྱི་ཟླ་5པའི་ཟླ་མཇུག་ཏུ་སོ་སོ་ཁྲོམ་རར་འདོན་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ཆུ་ནག་ཡུལ་ཤོག་གིས་ས་ཁམས་གནས་ཡུལ་དང་གནམ་གཤིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རི་མཐོའི་སྔོ་ཚལ་སོགས་དེང་རབས་ཞིང་ལས་ལས་གྲྭ་ལག་ལེན་ཧུར་ཐག་བྱས་ཏེ་ཐོན་ལས་དཔེ་སྟོན་ཡུལ་ཚོ་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་བར་རོགས་འདེགས་བྱས་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1