ཕག་རྒོད་ཀྱིས་མི་རྨས་པའི་དོན་རྐྱེན་ཐེངས་མང་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-11



        ཉེ་ཆར། རོ་མའི་ས་ཆ་ཁག་ཏུ་ཕག་རྒོད་མང་པོ་གད་སྙིགས་བླུགས་སྒམ་ནང་བཟའ་བཅའ་འཚོལ་བར་ཡོང་བས་ས་གནས་དེ་གའི་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ངེས་ཅན་བཟོས། 

       ཚོད་དཔག་བྱས་པར་གཞིགས་ན། མིག་སྔར་རོ་མ་གྲོང་ཁྱེར་དུ་ཕག་རྒོད་ཁྲི་2ཙམ་ཡོད་ཅིང་། དེའི་ནང་ནས་མང་ཤོས་ནི་གྲོང་ཁྱེར་ཉེ་འདབས་ནས་ཡོང་བ་རེད།

       མིག་སྔའི་བར་རོ་མར་ཕག་རྒོད་ཀྱིས་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་པ་དང་མི་ལ་རྨས་སྐྱོན་བཟོས་པའི་དོན་རྐྱེན་ཐེངས་མང་བྱུང་། ཕག་རྒོད་ལས་གཡོལ་ཐབས་བྱེད་ཆེད་གྲོང་མིའི་རྩ་འཛུགས་ཀྱིས་ཀུན་ལ་མཚན་མོར་ཁྱི་ཁྲིད་ནས་འགྲོ་འོང་མི་བྱེད་པའི་འབོད་སྐུལ་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1