སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཆེད་རམས་པ་གསེར་རྟ་རྫོང་དུ་ཕེབས་ནས་ཚན་རྩལ་ཞབས་ཞུ་བསྒྲུབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-11


        

      ཚན་རྩལ་གྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་གདེང་ཚོད་ཆེ་རུ་བཏང་བ་དང་།  ཆེད་རམས་པས་དཔྱིད་རྨོད་ལ་མཛུབ་སྟོན་བྱེད་པར་བྲེལ།

     ཉེ་ཆར། སི་ཁྲོན་ཞིང་ལས་སློབ་ཆེན་གྱི“ཚན་རྩལ་གཞི་རིམ་དུ་སྤེལ་བར་ལེ་དབར་ཁྲི་རུ་སྐྱོད”ཅེས་པའི་ཞོག་ཁོག་ཐོན་ལས་ཚན་རྩལ་ཞབས་ཞུ་ཚོགས་པ་གསེར་རྟ་རྫོང་རྒྱ་ཤོད་གྲོང་རྡལ་དུ་ཡོང་ནས་ཞོག་ཁོག་འདེབས་འཛུགས་ཀྱི་ཚན་རྩལ་ཞབས་ཞུ་བསྒྲུབས་པ་རེད།

      ཚན་རྩལ་ཞབས་ཞུ་ཚོགས་པའི་ཆེད་རམས་པ་རྒྱ་ཤོད་གྲོང་རྡལ་གྱི་ཞིང་ཁར་ཡོང་ནས་ཞིང་པ་མང་ཚོགས་དང་བསམ་ཚུལ་བརྗེ་རེས་བྱས་ཤིང་། འདེབས་འཛུགས་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་ལ་དུས་ཐོག་ཏུ་ལན་བཏབ་པ་རེད། ཆེད་རམས་པ་ཚོས་ཡུལ་དངོས་ནས་ཞིང་པས་ཞོག་ཁོག་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ལ་བལྟས་ནས་འདེབས་འཛུགས་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་ལ་དུས་ཐོག་ཏུ་ཡོ་བསྲང་དང་སྒྲོག་འགྲེལ་བྱས་པར་མ་ཟད། ཡུལ་དངོས་ནས་ཡང་དག་པའི་ཞོག་ཁོག་འདེབས་འཛུགས་བྱེད་སྟངས་དཔེ་ཁྲིད་བྱས་པ་རེད། ཞོག་ཁོག་འདེབས་འཛུགས་བྱེད་སྐབས་ལུད་རྒྱག་སྟངས་དང་འདེབས་འཛུགས་བར་མཚམས། ས་སློག་སྟངས། གནོད་འབུ་འགོག་བཅོས་བྱེད་སྟངས་ཀྱི་གོ་རིམ་གཏིང་ཟབ་པོའི་སྒོ་ནས་དབྱེ་ཞིབ་དང་སྒྲོག་འགྲེལ་བྱས་པ་རེད།

      གསེར་རྟ་རྫོང་གི་ས་བབ་མཐོ་བ་དང་དམིགས་བསལ་གྱི་གནམ་གཤིས། སྤུས་ལེགས་པའི་ཞིང་ས་དེ་དག་ཞོག་ཁོག་འདེབས་པར་ཤིན་ཏུ་འཚམ། འདེབས་འཛུགས་སྐབས་ཕག་རྒོད་དང་སྤྲེའུ་སོགས་རི་སྐྱེས་སྲོག་ཆགས་ཀྱིས་ཞིང་ནང་གི་ཞོག་ཁོག་ཟ་བའི་གནད་དོན་ལ་ཞབས་འདེགས་ཚོགས་པས་ལྕགས་སྐུད་ཀྱི་ར་སྐོར་དང་སྒྲ་རླབས་ཕྱིར་སྐྲོད། འགན་སྲུང་ཉོ་སྒྲུབ་སོགས་ཀྱི་ཐབས་ཤེས་མཁོ་འདོན་བྱས་པ་རེད།

       ཤེས་རྟོགས་བྱུང་བར་ལྟར་ན། མིག་སྔར་གསེར་རྟ་རྫོང་དཔྱིད་རྨོད་ཀྱི་དུས་སུ་སླེབས་ཤིང་། ཐེངས་འདིའི་ཚན་རྩལ་ཞབས་འདེགས་བྱེད་སྒོ་དེས་འདེབས་འཛུགས་དུད་ཁྱིམ་ཚོས་ཞོག་ཁོག་འདེབས་འཛུགས་ཀྱི་སྔོན་ཐོན་ལག་རྩལ་ལ་རྒྱུས་ལོན་གཏིང་ཟབ་བྱུང་ཞིང་། སྔར་ལས་ལྷག་པར་གསེར་རྟ་རྫོང་གི་ཞོག་ཁོག་འདེབས་འཛུགས་དང་ཐོན་སྐྱེད་དོ་དམ་ཕྱོགས་ཀྱི་ཤེས་བྱ་གསར་སྒྱུར་བྱས་ལ། སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་ལ་ཤེས་རྟོགས་གཏིང་ཟབ་པོ་བྱུང་ནས་གསེར་རྟ་རྫོང་གི་ཚན་རིག་དང་མཐུན་པའི་ཞོག་ཁོག་འདེབས་འཛུགས་ལ་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1