ཧང་ག་རིའི་བུད་མེད་ཙུང་ཐུང་ཐོག་མས་ལས་འགན་ཁུར་བའི་མཛད་སྒོ་པུའུ་ཏཱ་ཕའེ་སི་ནས་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་5བའི་ཚེས་14ཉིན། ཧང་ག་རིའི་ཙུང་ཐུང་ནོའུ་ཝ་ཁི་ཁཱ་ཐཱ་ལིན་གྱིས་པུའུ་ཏཱ་ཕའེ་སིའི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་མདུན་དུ་ལས་འགན་ཁུར་བའི་མཛད་སྒོར་ཞུགས་སྐབས་གཏམ་བཤད་སྤེལ།  

        ཧང་ག་རིའི་བུད་མེད་ཙུང་ཐུང་ཐོག་མ་ནོའུ་ཝ་ཁི་ཁཱ་ཐཱ་ལིན་གྱི་ལས་འགན་ཁུར་བའི་མཛད་སྒོ་པུའུ་ཏཱ་ཕའེ་སིའི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་མདུན་དུ་སྤེལ།  

        ནོའུ་ཝ་ཁི་ཁཱ་ཐཱ་ལིན་གྱིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། འགོ་ནད་དང་བདེ་འཇགས་འཇིགས་ཉེན། དཔལ་འབྱོར་གྱི་འགྲན་རྩོད་བཅས་ཐག་གཅོད་བྱེད་པ་ལས་གཞན། སྔར་ལས་འོད་གསལ་དང་ཞི་བདེ། འབྱོར་ཕྱུག་བཅས་ལྡན་པའི་མ་འོངས་པ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར། ཁོ་མོས་བསྟན་དོན། མོས་མ་འོངས་པའི་ལོ་འགའི་སྲིད་འཛིན་དུས་སྐབས་ནང་ཏང་ཁག་བར་གྱི་ཚད་བཀག་ལས་བར་མཚམས་བརྒལ་ནས་ཧང་ག་རིའི་ཐུན་མོང་གི་འབྲེལ་བ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།  

        ཧང་ག་རིའི་རྒྱལ་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་བཅུ་ཉིན་ནོའུ་ཝ་ཁི་ཁཱ་ཐཱ་ལིན་ཧང་ག་རིའི་ཙུང་ཐུང་དུ་བདམས་པ་དང་། འགན་ཡུན་ལོ་ལྔ་རེད།  

        ནོའུ་ཝ་ཁི་ཁཱ་ཐཱ་ལིན་ནི་གཅིག་སྟོང་དགུ་བརྒྱ་དོན་བདུན་ལོར་ཧང་ག་རིའི་སེ་ཀི་ཏི་ནས་སྐྱེས་པ་དང་། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་ན་གཞོན་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་བ་དང་། ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་ན་གཞོན་དམངས་གཙོ་མནའ་འབྲེལ་གྱི་རྒྱལ་ཚོགས་གྲོས་མིའི་འགན་ཁུར་བ་རེད།  ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1