མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སོ་མཱ་ལི་ཡིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་དགའ་བསུ་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-18


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དྲུག་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སོ་མཱ་ལི་ཡིས་ཉེ་སྔོན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་དགའ་བསུ་ཞུས་པ་དང་། མཱ་ཧཱ་མའོ་ཏི་སོ་མཱ་ལིའི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས། 

        ཀུའུ་ཐི་ལོས་སི་ཡིས་བསྟན་དོན། སོ་མཱ་ལིའི་ཙུང་ཐུང་གསར་པས་མྱུར་མོར་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་ཞིག་རྩ་འཛུགས་བྱེད་པ་དང་། སྲིད་གཞུང་གསར་པ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་མངའ་སྡེ་སོ་སོས་མཉམ་ལས་ཟབ་མོ་བྱས་ཏེ་། རྒྱལ་ཁབ་ཀྱི་ལས་དོན་གཙོ་བོར་སྐུལ་འདེད་གཏོང་པ་དང་། སོ་མཱ་ལིའི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། 

        ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་སོ་མཱ་ལིའི་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མུ་མཐུད་དུ་སོ་མཱ་ལིའི་སྲིད་གཞུང་གསར་བའི་བར་མཉམ་ལས་ཟབ་མོ་བྱེད་པར་རེ་སྒུག་བྱས་ཡོད་ལ། སོ་མཱ་ལིའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་གྲོས་རིམ་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དེའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར། 

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མཱ་ལིའི་རོགས་སྐྱོར་ཚོགས་པས་ཀྱང་ཉིན་དེར་སོ་མཱ་ལིའི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ལ་དགའ་བསུ་ཞུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1