མིག་ནད་ཚན་ཁག་གི་ཤེས་བྱ་ཁྱབ་གདལ་བཏང་ནས་སློབ་མས་མིག་གཅེས་མིག་སྲུང་ལ་ཁྲིད་སྟོན་བྱེད་ཆེད། ཟླ་5ཚེས་16ཉིན"སློབ་གྲྭར་བསྐྱོད་དེ་གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ལ་གཅེས་སེམས་བཅངས"བའི་སྤྱི་ཕན་མིག་ཤེད་ཡོངས་བཤེར་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་སྨན་དོན་མི་སྣས་གློག་རྡུལ་མིག་ཤེད་དཔྱད་རིས་དང་གློག་ཀླད་ཀྱི་མིག་ཤེད་བརྟག་དཔྱད་ཡོ་བྱད་སོགས་སྤྱད་དེ་ཕྲུ་གུར་མིག་ཤེད་བརྟག་དཔྱད་བྱས་པ་དང་གྲངས་གཞི་འཚོལ་བསྡུ་བྱས་པ་མ་ཟད། སློབ་མ་རེར་མིག་ཤེད་བདེ་ཐང་གི་ཡིག་ཚགས་རེ་བཟོས་ཏེ"སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཐེ་ཇུས། སྔ་ཙམ་ནས་སྨན་བཅོས"བཅས་ནུས་ལྡན་ཐུབ་པར་བྱས་ཏེ། ཕྲུ་གུའི་མིག་ཤེད་བདེ་ཐང་ལ་སྲུང་སྐྱོང་བྱས་པ་རེད། འདི་ནི་སྨན་དོན་མི་སྣས་ཆེད་ལས་ཡོ་བྱད་སྤྱད་དེ་སློབ་མར་མིག་ཤེད་བརྟག་དཔྱད་བྱེད་བཞིན་པའི་རྣམ་པ་རེད།