ང་ཚོའི་ལུས་པོ་ནི་སྐྱེ་ལྡན་གྱི་ཚོགས་སྤྱི་ཞིག་ཡིན། འོན་ཀྱང་། དབང་པོ་ཚང་མ་ལ“རང་རང་ཆེས་དགའ་བ་དང་ཆེས་སྐྲག་པ་རེ”ཡོད། ཁྱོད་ཀྱི་ལུས་པོ་བདེ་ཐང་ཡོང་འདོད་ན། གལ་གནད་ཆེ་བ་འདི་དག་སེམས་ལ་ངེས་པར་གྱིས་ཤིག
གཅིག སྙིང་།
ཆེས་སྐྲག་པ་ནི་ཕོ་བ་རྒྱགས་དྲགས་པ་ཡིན། ཕོ་བ་རྒྱགས་དྲགས་ན། སྙིང་ལ་ཧ་ཅང་གནོད་པ་དང་། ལྷག་པར་དུ་སྤྲི་དཀར་དང་ཚིལ་ཞག་མང་བའི་ཟས་རིགས་སྤྱད་ན། འཇུ་དཀའ་བ་ལས་ཕོ་བ་སྤོས་པར་བྱེད་པ་དང་། དེ་ནས་མཆིན་དྲིའི་གནས་ཇེ་མཐོར་ཕྱིན་པ་བརྒྱུད། སྙིང་གི་རྒྱུན་ལྡན་སྐུམ་འཐེན་སོགས་ལ་ཚད་བཀག་ཐེབས་ཏེ་སྙིང་གི་ཁུར་པོ་ཇེ་ལྕི་ལ་གཏོང་བ་ཡིན།
ཆེས་དགའ་བ་ནི་སྔ་མོ་ནས་གཉིད་པ་དེ་ཡིན། གཉིད་པའི་དུས་ཚོད་ལ་ཆོས་ཉིད་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་སྙིང་ལ་ཆེས་ཕན་པའི་སྨན་མཆོག་ཅིག་ཡིན་ཞིང་། རྒྱུན་པར་དགོང་མོའི་ཆུ་ཚོད11:00གི་སྔོན་ལ་གཉིད་ན། ལྷག་ཏུ་བཟང་བ་ཡིན།
གཉིས། མཆིན་པ།
ཆེས་སྐྲག་པ་ནི་སྨན་རྫས་གང་འདོད་དུ་འཐུང་བ་ཡིན། སྨན་ཞིག་ཡིན་ན་དུག་གི་ཆ་ཡང་ཡོད་ཅེས་པ་ནང་བཞིན། མིག་སྔའི་བར་དུ། ཉུང་མཐར་ཡང་སྨན་སྣ600ལྷག་གིས་སྨན་རྫས་རང་བཞིན་གྱི་མཆིན་པའི་ནད་རིགས་བསྐྱེད་པ་དང་། སྨན་རྫས་ཀྱི་དུག་གཤིས་ནུས་པ་ཡིས་མཆིན་པ་ལ་གནོད་འཚེ་ཆེན་པོ་བཟོ་བ་ཡིན། སྨན་པའི་ངག་བཀོད་ལྟར་སྨན་རྫས་མ་སྤྱད་ན། མཆིན་པ་ལ་གནོད་འཚེ་ཐེབས་སླ་བ་ཡིན།
ཆེས་དགའ་བ་ནི་བདེ་ཐང་གི་ལུས་པོའི་ལྗིད་ཚད་ཡིན། ཚོ་དྲགས་པ་ཡིས་མཆིན་པ་རྒས་འགྱུར་གྱི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འོས་འཚམ་གྱི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱས་ན། ཆེས་སྟབས་བདེ་བའི་ངང་མཆིན་པ་ལ་སྲུང་སྐྱོང་བྱེད་ཐུབ་པ་ཡིན།
གསུམ། མཁལ་མ།
ཆེས་སྐྲག་པ་ནི་ཁུ་བ་གར་པོའི་རིགས་མང་དུ་འཐུང་བ་ཡིན། མི་མང་པོས་རུས་ཁུ་འཐུང་ན། ལུས་པོ་ལ་ཕན་པར་འདོད། ཡིན་ནའང་། ཁུ་བ་གར་པོའི་རིགས་ཚད་ལས་བརྒལ་བར་འཐུང་ན། དེ་ཡིས་དྲེག་ནད་ཀྱི་ན་ཟུག་མྱུར་དུ་ལངས་པར་བྱེད་པའི་མི་ཚད། ད་དུང་མཁལ་མ་དང་སྙིང་གི་ཁྲག་རྩ་ལའང་གནོད་སྐྱོན་བཟོ་བ་ཡིན།
ཆེས་དགའ་བ་ནི་ཆུ་ཁོལ་མང་དུ་འཐུང་བ་ཡིན། ཆུ་ཁོལ་ནི་མཁལ་མ་གསོ་བའི་སྨན་མཆོག་ཅིག་ཡིན་ཞིང་། ཆུ་ཁོལ་མང་དུ་འཐུང་ན། མཁལ་མའི་ཁྲག་རྒྱུན་འདྲེན་པ་ལ་ཁག་ཐེག་ཆེན་པོ་བྱེད་པར་མ་ཟད། ད་དུང་མཁལ་མའི་དུག་འབུད་ལའང་སྐུལ་འདེད་བྱེད་པ་ཡིན།
བཞི། ཀླད་པ།
ཆེས་སྐྲག་པ་ནི་བསམ་བློ་མི་གཏོང་བ་ཡིན། ཀླད་པ་རྒས་པ་ནི་ལྡོག་ཐབས་མེད་པའི་རང་བྱུང་ཆོས་ཉིད་ཅིག་ཡིན། ཡིན་ནའང་། བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ཏེ་ཀླད་པ་མི་འགུལ་བ་ལྟ་བུ་ཡིན་ན། ཀླད་པ་རྒས་འགྱུར་གྱི་འགྲོས་ཚད་ཇེ་མགྱོགས་ཡིན།
ཆེས་དགའ་བ་ནི་ཉིན་གུང་གཉིད་པ་ཡིན། ཉིན་གུང་སྐབས། སྐར་མ10ཙམ་གྱི་གཉིད་ཡུན་མ་གཏོགས་མེད་ནའང་། དེའི་ངལ་དུབ་བསལ་ཚད་ནི་དགོང་མོར་ཆུ་ཚོད་གཉིས་ཙམ་ལ་གཉིད་པ་ལས་ཀྱང་བཟང་བ་ཡིན། ཉིན་གུང་གཉིད་ན། ད་དུང་ཀླད་པའི་དྲན་ཤེས་ཀྱི་ནུས་པ་ཡང་ཇེ་ལེགས་སུ་གཏོང་ཐུབ།