༄༅།།བོད་ལྗོངས་ཀྱི་སྒྲུང་པ་གྲགས་ཅན་བསམ་འགྲུབ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-25


1504318159953498.jpg


བོད་ཀྱི་སྒྲུང་མཁན་སྐད་གྲགས་ཅན་བསམ་འགྲུབ་ལགས་ནི་བོད་ལྗོངས་བྱང་ཐང་སྟེང་ཆེན་གྱི་ཁྱིམ་ཚང་ཕལ་བ་ཞིག་ནས་སྐུ་འཁྲུངས། ཁོང་ཆུང་དུས་ནས་ཡིད་འཛིན་གྱི་ནུས་པ་ཁྱད་དུ་འཕགས་པ་དང་རིག་རྒོད་ཅིག་ཡིན། ཁྱིམ་གྱི་ཨ་མྱེ་བློ་བཟང་དགེ་ལེགས་ནི་སྒྲུང་པ་ཞིག་ཡིན་པས་དུས་རྒྱུན་ཨ་མྱེས་མདུན་ནས་གེ་སར་སྒྲུང་བཤད་པར་སློབ་སྦྱོང་བྱས་པ་དང་རྗེས་སུ་རྨི་ལམ་ཞིག་དང་བསྟུན་ནས་སྒྲུང་བཤད་ནས་རིམ་བཞིན་སྒྲུང་པ་སྐད་གྲགས་ཅན་ཞིག་ཏུ་གྱུར། ཁོང་ནི་བབས་སྒྲུང་གི་རིགས་སུ་གཏོགས་པའི་སྒྲུང་པ་ཞིག་ཡིན། 1984ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་གདན་འདྲེན་ཞུས་ཏེ་སྒྲུང་པའི་ཐོབ་ཐང་གནང་། 1985ལོར་མལ་གྲོ་གོང་དཀར་རྫོང་དང་ལྷ་སའི་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དུ་བསྐོས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུན་འཛིན་པར་བདམས་ཡོད། ཁོང་གིས་སྔ་ཕྱིར་གླིང་གེ་སར་རྒྱལ་པོའི་སྒྲུང་རྫོང་ཁག45བཤད་དེ་ཆ་ཚང་སྒྲ་ཕབ་དང་། ཟིན་བྲིས། དག་སྒྲིག་བརྒྱུད་དེ་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་ལ། 2015ལོར་ནས་རིམ་བཞིན་སྒྲུང་དཔེ45ཁ་ཚང་མ་རྒྱ་ཡིག་ཏུ་བསྒྱུར་བཞིན་མཆིས། 2011ལོའི་ཟླ2པའི་ཚེས16ཉིན་ཁོང་གི་བཞུགས་གནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་དུ་སྙུང་གཞི་དྲག་བསྐྱེད་མ་བྱུང་བར་སྐུ་གཤེགས་པ་དང་། དགུང་ལོ90ལ་ཕེབས་འདུག་གོ །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1