སྤྲེའུ་སྤུ་སེར་གྱི་དགའ་ཚལ་གླིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-25


 

      གཟི་རྩ་སྡེ་དགུ་རྫོང་པའེ་ཧོ་ཤང་དུ་གནས་པའི་སི་ཁྲོན་པའེ་ཧོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྤྲེའུ་སྤུ་སེར་1700ཙམ་གྱིས་འཚོ་བ་སྐྱེལ་བཞིན་ཡོད། ཁྱད་དུ་འཕགས་པའི་སྣོད་བཅུད་ཁོར་ཡུག་དང་མཐའ་འཁོར་མང་ཚོགས་ཀྱི་སྲུང་སྐྱོང་གིས་སྤྲེའུ་དེ་དག་འཚོ་སྡོད་བྱེད་པར་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་། སྲུང་སྐྱོང་ཁུལ་དེ་སྤྲེའུ་སྤུ་སེར་རང་མོས་ངང་འཚོ་སྡོད་བྱེད་པའི་དགའ་ཚལ་ཞིག་ཏུ་གྱུར་ཡོད།  

 

      ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། དོམ་ཁྲ་དང་འདྲ་བར་ལྷན་སྐྱེས་རང་བཞིན་ཆེན་པོ་ལྡན་པའི་སི་ཁྲོན་གྱི་སྤྲེའུ་སྤུ་སེར་དང་གངས་གཟིག་སོགས་རྩ་ཆེའི་དངོས་རིགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་གི་ཆ་ཚང་རང་བཞིན་དང་སྔར་ཡོད་རྣམ་པ་སྲུང་སྐྱོང་ཡག་པོ་བྱས་ནས། ཚན་ཞིབ་སྡེ་ཚན་དང་སི་ཁྲོན་གྱི་སྤྲེའུ་སྤུ་སེར་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་སྲུང་སྐྱོང་ཁུལ་དེ་རང་རྒྱལ་གྱི་རི་སྐྱེས་སྤྲེའུ་སྤུ་སེར་རིགས་ཁྱུའི་སྲུང་སྐྱོང་ཁུལ་ཆེ་ཤོས་སུ་གྱུར་ཡོད། 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1