སྐྱེ་ཁམས་ཀྱི་བུ་ལོན་མྱུར་དུ་ཁ་གསབ་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-25


        གཡག་རྔ་གྲོང་ཁྱེར་པའོ་ཤིན་རྫོང་མི་དམངས་ཁྲིམས་ཁང་གིས་ཉེ་དུས་ནགས་ཤིང་རྐུ་གཅོད་ཀྱི་གྱོད་གཞི་ཞིག་འདྲི་ཞིབ་བྱས་པ་དང་ཕྱོགས་མང་པོའི་འབད་བརྩོན་འོག་ནགས་ཤིང་རྐུ་གཅོད་ཀྱི་ཞུ་སྦྱོར་ཕྱི་མ་མི་དྲུག་གིས་རང་མོས་ངང་ལྗིད་ཚད་སྟོང་ཁེ་ཉིས་ཁྲི་བཞི་སྟོང་གི་ཐཱན་འདུས(དབྱང་གཉིས་ཐཱན་འགྱུར་བསྡུ་ལེན་བྱེད་ཚད)ཉོས་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་ནས་ཉམས་གསོ་ལེགས་འགྲུབ་བྱེད་རིང་གི་ཉམས་གསོའི་སྟོང་ཆ་གསབ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་འདི་ནི་སི་ཁྲོན་ཞིང་ཆེན་གྱིས་ཐཱན་བསྡུ་འདུ་ཤེས་བེད་སྤྱོད་བྱེད་པ་ནས་བཟུང་སྤེལ་བའི་ཉམས་གསོའི་རང་བཞིན་གྱི་ཁྲིམས་འཛིན་གྱོད་གཞི་ཐོག་མ་ཡིན་པ་རེད།

 

        བཅད་ཁྲ་ཁྱབ་བསྒྲགས་བྱས་པར་ཀུན་གྱིས་དོ་ཁུར་ཆེན་པོ་ཐོབ། གྱོད་གཞི་འདི་སི་ཁྲོན་ལ་མཚོན་ན་ཁྱབ་ཁོངས་ནང་གི་གྱོད་གཞི་ཨང་དང་པོ་ཡིན་པར་མ་ཟད། ཐཱན་འདུས་ཞེས་པ་ཅི་ལྟར་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་ཕུད། ཕྱོགས་མང་པོའི་འབད་བརྩོན་ལ་གྲུབ་འབྲས་ཐོབ་པ་སོགས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་པར་མ་ཟད། ད་དུང་འདུ་ཤེས་གལ་ཆེན་ཞིག་ཀྱང་ཚུད་ཡོད་དེ། སྐྱེ་ཁམསད་ཁོར་ཡུག་གི་བུ་ལོན་གང་མགྱོགས་གསབ་རྒྱུ་དེ་རེད། དེ་ནི་ཚན་རིག་གི་འདུ་ཤེས་ཤིག་ཡིན་པ་མ་ཟད། དངོས་ཡོད་ཀྱི་གནད་དོན་ཞིག་ཀྱང་རེད།

        རྒྱུ་མཚན་གང་ཡིན་ཞེ་ན་རང་བྱུང་ཁམས་ཀྱིས་མི་ལ་སྒུག་མི་སྲིད། ལོ་རེར་སྤོས་འགྱིག་གད་སྙིགས་ཏུན་བྱེ་བ་གཅིག་རྒྱ་མཚོའི་ནང་བཞུར་བཞིན་ཡོད། གོ་ལ་ཧྲིལ་པོའི་ལོ་ས་ཡ་བཞི་འབུམ་ལྔའི་ནང་དབྱང་གཉིས་ཐཱན་འགྱུར་གྱི་གར་ཚད་མཐོ་ཤོས་སུ་སླེབས་པ། 2020ལོར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲངས་གཞིར་གཞིགས་ན། འདས་པའི་ལོ་ཉི་ཤུ་ཡི་ནང་ནགས་ཚལ་ཁེབས་ཁྱོན་སྤྱི་ཆིང་དུང་ཕྱུར་གཅིག་ཙམ་ཉུང་དུ་ཕྱིན། མིའི་རིགས་ཀྱིས་འཕྲོག་བཅོམ་གྱི་བྱ་སྤྱོད་ཡང་ནས་ཡང་དུ་སྤེལ་བས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཤོར་བ་དང་། བྱེ་ཐང་ཅན་དུ་འགྱུར་ཤུགས་ཆེ་རུ་འགྲོ་བ། གནམ་གཤིས་ངན་པའི་དོན་རྐྱེན་མང་བ་སོགས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་སྣ་ཚོགས་ལས་མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་བུ་ལོན་གང་ལྟར་འཇལ་དགོས་པར་མ་ཟད། ཐ་ན་ལྡབ་འགྱུར་གྱིས་འཇལ་དགོས་པའི་དྲན་སྐུལ་བྱས་ཡོད།

        རྒྱུ་མཚན་གང་ཡིན་ཞེ་ན། རྒྱལ་ཁབ་ཀྱིས་དམ་བཅས་བཞག་ཡོད། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་དེ་2030ལོའི་ཐན་རྩེར་སོན་བརྩོན་ལེན་བྱས་ནས་2060ལོའི་སྔོན་ལ་ཐཱན་དོ་སྙོམས་མངོན་འགྱུར་ཡོང་བར་བརྩོན་ལེན་ཧུར་ཐག་བྱེད་དགོས་པས་དུས་ཚོད་མང་པོ་མེད། འོན་ཀྱང་ང་ཚོས་ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་མངོན་འགྱུར་ཡོང་བ་དང་། ལྷག་པར་དུ་སྦགས་བཙོག་ཉུང་དུ་གཏོང་བའི་ཐད་ད་དུང་བུ་ལོན་མི་ཉུང་བ་ཆད་ཡོད། ཁ་དན་ཚིག་ལ་གནས་ན་མགྱོགས་པོར་ལས་ཀ་བསྒྲུབ་དགོས། 

 

        རྒྱུ་མཚན་གང་ཡིན་ཞེ་ན། སི་ཁྲོན་ལ་དམིགས་འབེན་ཡོད། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་ངང་ལག་བསྟར་བྱས་ནས་ཐཱན་དར་གྱི་ཐཱན་འབྲིང་དང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་ཏེ་ཐེངས་དང་པོར་ཐཱན་རྩེར་སོན་དང་། ཐཱན་དོ་སྙོམས་ཀྱི་འབྲེལ་ཡོད་དམིགས་ཚད་གྲོང་ཁྱེར་དང་ཁུལ་གྱི་དམིགས་ཚད་ཀྱི་ལས་རྗེས་དཔྱད་དཔོག་ནང་འཇུག་རྒྱུ་གསལ་པོར་བཏོན་ཡོད། འཆར་འགོད་བཟོ་བ་དང་དམིགས་ཚད་ཁ་གསལ་བཟོས་རྗེས་དོན་འཁྱོལ་ནུས་ལྡན་བྱེད་རྒྱུ་ལས་མི་འདུག

        སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་དུ་མཐོང་ཆེན་གནང་གི་ཡོད་ཅིང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་ཐད་བུ་ལོན་མང་པོ་ཆད་ཡོད་པས། ད་ལྟ་ནས་བཟུང་ལས་དོན་འདི་དམ་འཛིན་མ་བྱས་ན། མ་འོངས་པར་དཀའ་ཁག་སྔར་ལས་ཆེ་སྲིད་ཅེས་སྔ་ས་ནས་ནན་གསུང་གནང་མྱོང་། སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་དངོས་པོ་མེད་ལ། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མི་རྟོགས། དེའི་ཐད་ལ་སུས་ཕུགས་རྒྱང་རིང་ལ་ཁྱོན་ཡོངས་ནས་ཞིབ་འདང་མ་བརྒྱབ་ན་དེར་གྱོང་གུན་ཆེན་པོ་ཕོག་སྲིད།

        སྐྱེ་ཁམས་ཁོར་ཡུག་གི་བུ་ལོན་གང་མགྱོགས་གསབ་དགོས། ཕྱོགས་གཅིག་ནས་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་བུ་ལོན་རིགས་ལ་དུས་རྒྱུན་ཁ་ཡ་མི་བྱེད་པར་གནད་འགག་གི་སྐབས་གཅིག་དཔེ་བརྒྱ་འགེབ་བྱེད་མི་རུང་། དེ་ལྟར་བྱས་ན་ཏང་དང་སྲིད་གཞུང་གི་གཟུགས་བརྙན་དང་ཀུན་གྱིས་ཡིད་ཆེས་ལ་གནོད་སྐྱོན་གཏོང་སྲིད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྱོན་ཡོངས་ལ་འགོག་རྐྱེན་ཚབས་ཆེན་བཟོ་ངེས་རེད། ཕྱོགས་གཞན་ཞིག་ནས་རྒྱུན་སྲིང་དམག་འཁྲུག་ལེགས་པར་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་གི་བུ་ལོན་ཁ་ཤས་ལ་དཀའ་ཚེགས་རང་བཞིན་དང་བསྐྱར་ཟློས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས། ལྷག་དོན་དུ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་ཤེས་རྟོགས་བྱུང་བའི་བུ་ལོན་གྱི་གནད་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་འཕེལ་རྒྱས་ཀྱི་དམིགས་ཚད་གལ་ཆེན་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། སླད་ཕྱིན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཕྱིར་མིག་ལྟ་སྐབས། ས་གནས་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་འཁུར་སེམས་དང་དེ་བཞིན་ནམ་མཁའ་དེ་བས་སྔོན་པོ་དང་རི་བོ་དེ་བས་ལྗང་མདོག །ཆུ་བོ་དེ་བས་དྭངས་གཙང་བཅས་ཀྱི་ཁོར་ཡུག་མཐོང་ཐུབ་པར་རེ་བ་བྱེད་དགོས།

        མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ན། དཀའ་ངལ་མཐའ་དག་ཁྱད་བསད་བྱེད་ཐུབ། སྐྱེ་ཁམས་ཁོར་ཡུག་གི་བུ་ལོན་གསབ་པར་དུས་ཚོད་ཐུང་ངུའི་ནང་བལྟས་ན་འགོག་ཤུགས་དང་ཟུག་ཚོར་ཧ་ཅང་ཆེན་པོ་ཡོད། ཕུགས་ལ་བལྟས་ཚེ་དཀའ་ངལ་ཇི་ཙམ་ཆེ་ཡང་ཁྲིམས་ཁང་གིས་ཐཱན་འདུས་ཀྱི་འདུ་ཤེས་ནང་འདྲེན་བྱས་པ་དང་འདྲ་བར་རྒྱུན་འཁྱོངས་ལྷོད་མེད་བྱས་ན་བར་མཐོངས་ཤིག་ཡོད་ངེས་རེད། སྒྱིད་ལུག་གིས་ཁ་གཏད་འཇལ་བ་དང་ཐ་ན་གནད་དོན་ཡོད་རིགས་གཡོ་འགེབས་བྱས་ན་མཐར་གནད་དོན་དེ་བས་ཆེན་པོ་གཏོང་ངེས་རེད།

        རྐང་འོག་གི་ས་གཞི་འདི་ལ་བསྐྱར་དུ་ངོས་འཛིན་བྱས་ནས་སྐྱེ་ཁམས་ཀྱི་བུ་ལོན་གང་མགྱོགས་གསབ་རྒྱུ་དེ་ནི་ང་ཚོས་ཚེ་སྲོག་ལ་གུས་འདུད་དང་། རང་བྱུང་ཁམས་ལ་གུས་འདུད། རྒྱང་རིང་མི་རྟོགས་པ་མཐའ་དག་ལ་གུས་འདུད་ཞུས་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1