ལི་ཐང་རྫོང་གི་དབུལ་སྒྲོལ་འབྲོག་པས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ལ་དགའ་སྤྲོའི་ངང་བསུ་བ་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-26


 


         སྤྱི་ལོ་2022ལོའི་ཟླ་5པའི་ཚེས་25ཉིན། ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་གྲུབ་གྲོང“རྡོ་རྗེ་དམངས་སྲོལ་མགྲོན་ཁང”གི་ཡུལ་སྐོར་སྣེ་ལེན་ས་ཚིགས་ཀྱི་སྒོ་རའི་ནང་དུ། སློབ་ཆེན་ནས་མཐར་ཕྱིན་མ་ཐག་པའི་ཡུལ་སྐོར་སྣེ་ཤན་པ་ཟླ་བ་མ་བུ་གཉིས་ཀྱིས་དགའ་སྤྲོའི་ངང་བོད་ཀྱི་ཞབས་བྲོ་འཁྲབ་ནས། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་ཞུས་ཏེ། དབུལ་སྒྲོལ་འབྲོག་པས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པའི་སྤྲོ་སྣང་མཚོན་པར་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1