སྤྱི་ཟླ་5པའི་ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད།
ཝང་ཞའོ་ཧུའེ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཞའོ་ཧུའེ་དང་། ཧོང་ཆང་། ཐེན་ཞང་ལི། ཏེང་ཡུང་། ལིའོ་ཅན་ཡུས། ཧྲི་ཞའོ་ལིན། ལུའོ་ཝུན། ཡུས་ལི་ཅུན། ལི་ཡུན་ཙེ། ཐེན་ཞའོ་ཝེ། ཚའོ་ལི་ཅུན། ཀྲའོ་ཅུན་མིང་། ཝང་ཉིང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
ཞིང་ཆེན་རིམ་པའི་དབུ་ཁྲིད་ཀྱི་ལས་འགན་འཁུར་མྱོང་བའི་སི་ཁྲོན་དུ་བཅའ་སྡོད་བྱས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁོ་ཙུན་ཕིང་ཆེད་མངགས་གདན་ཞུས་ལྟར་ཚོགས་ཆེན་ལ་ཕེབས་པ་དང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
ཚོགས་ཆེན་ཐོག་འཐུས་མི་དང་ཆེད་མངགས་གདན་ཞུའི་འཐུས་མི་872ཕེབས་དགོས་པ་དང་། དངོས་སུ་འབྱོར་བའི་འཐུས་མི་839ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་རེད།
ཐེངས་འདིའི་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་དང་འབྲེལ་ཡོད་གཏན་འབེབས་ལྟར། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་གཞོན་པ། དེ་མིན་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག །ཚོགས་འདུར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མིས་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་རང་རེའི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་73བདམས་ཐོན་བྱུང་བ་དང་། ཏང་ཀྲུང་དབྱང་གིས་མིང་འདོན་གནང་བའི་འཐུས་མིའི་འོས་མི་བློ་མཐུན་ལི་ཀྲན་ཧྲུའུ་དང་ཀྲང་ཆིང་ལི་བདམས་ཐོན་བྱུང་བ། དེ་མིན་ཨུ་ཡོན་93དང་རྗེས་སྣོན་ཨུ་ཡོན་17ལས་གྲུབ་པའི་ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། ཨུ་ཡོན་55ལས་གྲུབ་པའི་ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། ཚོགས་ཆེན་གྱིས་འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
དེ་རྗེས། ཚོགས་ཆེན་ཐོག་ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་ཧ་ཅང་ལེགས་པོ་བྱུང་། ཚང་མས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ཧུར་ཐག་ངང་ཞུགས་པ་དང་། བརྩེ་སེམས་ཡོད་ཚད་བཅངས་པར་མ་ཟད། ཐོག་མཐའ་བར་གསུམ་དུ་བསམ་བློ་བཅིངས་འགྲོལ་དང་། གཞུང་དྲང་ངང་གསར་གཏོད་བྱེད་པའི་ངང་ཚུལ་ཟབ་མོ་ལྡན་ཞིང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱི་བརྩོན་སེམས་བརྒྱུད་ནས་འཆར་གཞི་མཉམ་བཀོད་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་སྔོན་དཔག་དམིགས་ཡུལ་གྲུབ་པ་དང་། བསམ་བློ་དང་ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐད་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་གོང་དུ་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད། འདི་ནི་མངགས་བཅོལ་བློ་ལ་བརྟན་པོར་འཆང་ཞིང་སྲོག་ཤིང་སྲུང་སྐྱོང་བྱེད་པའི་ཚོགས་ཆེན་ཞིག་དང་། སྔ་འཛིན་ཕྱི་གཏོད་དང་སྤྱོད་གཙང་གཞུང་དྲང་གི་ཚོགས་ཆེན་ཞིག་ཡིན་པར་མ་ཟད། སྙིང་སྟོབས་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཀྱང་རེད། ཚོགས་ཆེན་ལེགས་གྲུབ་བྱུང་བ་དེས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་རྐྱེན་གལ་ཆེན་དང་གཏིང་ཟབ་ཐེབས་ངེས་ཡིན་པ་དང་། སི་ཁྲོན་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ངོ་མཚར་ཆེ་བའི་རྣམ་པ་ཞིག་བསྐྲུན་ངེས་རེད་ཅེས་གསུངས།
ཚོགས་ཆེན་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཁྲོད་རྒྱལ་ཁའི་ངང་མཇུག་བསྒྲིལ། །