༄༅།།ལོ་སར་ཁ་ཟས་དྲི་ཞིམ་ཁྱིམ་ལ་ཁྱབ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། 05-31


བར་མ་གྲོང་ཚོའི་ལོ20ཅན་གྱི་འགྲན་རྩོད་པ་ཆོས་ལྡན་འཚོས་རང་གིས་བཟོས་པའི་སོག་སོག་ཁྱེར་ནས་འགྲན་སྡུར་ནང་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁུར་བ་མེ་ཏོག་མ་ཐབ་ཟངས་ནས་བཏོན་རྗེས། སུང་ཅིན་ཀྲུའུ་ཡིས་གློག་སྒྲོན་འོག་ནས་དེའི་མདོག་ཡག་མིན་དང་དྲི་ཞིམ་མིན་ལ་བལྟས་རྗེས་ཡིད་ཚིམ་པོའི་ངང་སྡེར་མར་བཞག དེ་ནི་མོ་རང་ལོ16ཐོག་ནས་བཟུང་ལོ་རེར་བཟོ་དགོས་པའི་ངེས་གཏན་གྱི་ལོ་སར་ཟས་རིགས་ཡིན་པ་རེད། ལོ་ངོ30ཡི་རིང་ལ་འདི་ལྟར་རྒྱུན་བསྐྱངས་ཡང་ད་ལོ་སྔོན་མ་རྣམས་དང་མི་འདྲ་སྟེ། པུའུ་ཅཱ་གྲོང་ཚོའི་ཚབ་བྱས་ནས་འགྲན་སྡུར་ནང་ཞུགས་པའི་སྐལ་བ་ལྡན་པར་གྱུར་བ་རེད།

འགྲན་སྡུར་གྱི་མཇུག་འབྲས་ལ་སྒུག་བཞིན་པའི་གྲོང་མི་རྣམས།   ཉེ་ལམ་སུང་ཅིན་ཀྲུའུ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་རྡལ་གྱིས་སྤེལ་བའི“མཚོ་སྔོན་ལོ་སར། མྱོས་པའི་མཚོ་ཤར”ཞེས་པའི་ཁ་ཟས་བཟོ་མཁན་གྱི་འགྲན་སྡུར་ནང་ཞུགས། ལོ་རེའི་ལོ་སར་ལ་སྣུམ་ཁུར་སོགས་ཁ་ཟས་བཅའ་བ་ནི་སྲོལ་ཞིག་ཡིན་ན་ཡང་འགྲན་སྡུར་སྤེལ་མྱོང་མེད། རང་གིས་ཀྱང་ཁ་ཟས་འགྲན་སྡུར་ལ་དོན་སྙིང་ཆེར་མི་འདུག་བསམ་ན་ཡང་། འགྲན་སྡུར་ཞིག་སྤེལ་རྒྱུ་ཡིན་ཕྱིན་དེ་ལ་དང་ལེན་དང་རང་གི་ནུས་པ་ལ་ནན་ཏན་བྱེད་དགོས་སྙམ་བྱུང་བས། ཐེངས་འདིར་ཁ་ཟས་བཅའ་དུས་ཧ་ཅང་ནན་མོ་བྱས་པ་ཡིན་ཟེར།

 

ཡིག་མཁན་ཚོས་གྲོང་མི་རྣམས་ལ་ལོ་སར་གྱི་ཤིས་ཚིག་འབྲི་བཞིན་པ།   སུང་ཅིན་ཀྲུའུ་ཡི་ཧོར་པའི་གོ་རེ་དང་མི་འདྲ་བ་ནི། བོད་རིགས་ཀྱི་གོ་རེ་ལ་བྲོ་བ་ལྕི་པོ་ཡོད་པ་རེད། འདན་མ་གྲོང་རྡལ་གྱི་བར་མ་གྲོང་ཚོའི་ལོ་ན20ཅན་གྱི་འགྲན་ཞུགས་པ་ཆོས་ལྡན་འཚོས་རང་གི་བཟོས་པའི་སོག་སོག་འཁྱེར་ནས་འགྲན་སྡུར་ལ་ཞུགས་འདུག མོས་འདི་སྐད། ང་ཚོས་བཟོས་པའི་ཁུར་བ་ཅུང་སླ་མོ་ཡིན་ཞིང་བཟོ་དབྱིབས་ལ་དེ་འདྲའི་དོ་སྣང་མེད་ན་ཡང་། བྲོ་བ་ཧ་ཅང་བཟང་ཞེས་ཟེར། ཅང་ཞི་ཞིང་ཆེན་ཅིའུ་ཅང་སློབ་གླིང་དུ་སློབ་ཆེན་འདོན་བཞིན་པའི་མོ་ལ་མཚོན་ན། ལོ་སར་གྱི་ཁ་ཟས་འདི་དག་ནི་ཕ་ཡུལ་གྱི་དྲན་པ་ཞིག་རེད་ལ། ལོ་སར་དུས་སུ་མེད་དུ་མི་རུང་བའི་བྲོ་བ་དེའང་རེད། དེ་རིང་གི་འགྲན་སྡུར་འདི་ལྟ་བུ་ལ་ང་ཧ་ཅང་དགའ་བོ་ཡོད། འགྲན་སྡུར་འདི་ལྟ་བུས་ལོ་སར་ལ་སྔ་ན་མེད་པའི་འདུ་འཛོམས་ཀྱི་འཁྲུག་ཆ་ཞིག་དོད་བྱུང་ཟེར།

ཏུང་ཅ་གྲོང་ཚོའི་པའེ་ཧྲན་ཞིའུ་ཡིས་དྲ་རིས་འདྲ་བཞིན་ཡོད་ཅིང་། མོས་ཐེངས་འདིའི་ཤོག་དྲས་འགྲན་སྡུར་ཁྲོད་ཨང་དང་པོ་བླངས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1