རྒྱུན་ལྡན་གྱི་ཉིན་མོ།
ཏིང་འཛིན་སྒྲོལ་མ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31
གཅིག
ཨ་ཁུ་ཕྱག་རྡོར་གྱིས་ལག་གཡས་པས་སྣུམ་གྱིས་ཟིན་པའི་ཕྲེང་བ་ཟད་པོ་དེ་བགྲང་བཞིན་ཁ་མུར་མུར་གྱིས་མ་ཎི་འདོན་ཞོར་དུ་སྦྲ་ནག་ལས་སྒོར་བུད། ཟླ་ལྔ་བ་ཡིན་རུང་ཞོགས་པར་གྲང་ངར་ཅུང་ཆེ་བས་ཁོས་བོད་ལྭའི་གོང་ཁ་ནས་ཡར་འཐེན་ཏེ་སྐེ་དང་ངོ་བསྒྲིབས་ཤིང་། སྦྲ་ནག་གི་ཕྱི་རོལ་ཏུ་བག་ཕེབས་ཀྱིས་རྒྱུ་ཤིང་རྩྭ་ཆུ་ལ་རོལ་བའི་ནོར་ལུག་ལ་ལྟ་བཞིན་ལོ་ཟླས་བསྡུས་པའི་གཉེར་རིས་དང་ཉི་མས་ཚོས་པའི་དམར་སྨུག་གི་ངོ་གདོང་ལ་འཛུམ་མདངས་རྒྱས། བུ་མགོན་པོ་སྦྲ་ནག་ལས་སྒོར་བུད་དེ་ཨ་ཕའི་གདོང་གི་འཛུམ་མདངས་དེ་མཐོང་བ་ན། རང་ཁྱིམ་གྱི་ནོར་ལུག་ལ་ལྟ་ཙམ་བྱས་རྗེས་སྨིན་མ་ནག་པོ་དེ་བསྡུས། མཆུ་འགུལ་ཙམ་བྱས་ནས་ཅི་ཞིག་བཤད་འདོད་པའི་རྣམ་འགྱུར་ཞིག་བསྟན་རུང། མཐར་ཁ་ཅི་ཡང་མ་གྲག་པར་ཕྱིར་སྦྲ་ནང་དུ་ལོག
མགོན་པོའི་ཆུང་མ་ཀླུ་སྒྲོན་གྱིས་འོ་ཇ་སྐོལ་བཞིན་ཡོད་ལ། མོ་གདན་སྟེང་དུ་བཙོག་སྟེ་རྣ་ལ་རྣ་ཉན་བརྒྱབ་ཡོད་པའི་བུ་མོ་བདེ་སྐྱིད་ལ་བལྟས་ཏེ་དབུགས་རིང་ཞིག་འབྱིན་ནས“བདེ་ལོ། རྣ་བར་ཉིན་རྒྱུན་དངོས་པོ་དེ་མ་འཇོག་ཡ། རྣ་བར་གནོད་སྲིད། ཁྱོད་ཀྱིས་ཨ་མ་ལ་ཅ་ནེ་སྐྱེལ་རོགས་བྱོས”ཞེས་བཤད། བདེ་སྐྱིད་ཀྱིས་ཨ་མའི་སྐད་གསལ་ལ་མི་གསལ་བ་ཞིག་ཐོས་ནས་རྣ་ཉན་བླངས་ནས་མགོ་བོ་ཡར་ལ་བཀྱགས་ཏེ“ཨ་མ། ཁྱེད་ཀྱིས་ང་ལ་ཅི་ཞིག་བཤད་ཀྱིན་ཡོད་དམ”ཞེས་དྲིས་པ་ན། ཀླུ་སྒྲོན་གྱིས་བསྐྱར་བཤད་ཐེངས་གཅིག་མ་བྱས་གོང་ལ་མགོན་པོ་བུ་མོའི་མདུན་དུ་ཐོན་ཏེ་སྨིན་མ་བསྡུས་ནས་ཁྲོ་བའི་ཚུལ་གྱིས“ཉིན་གང་བོར་ལག་ལ་ཁ་པར་ཆག་པོ་ཞིག་བཟུང་ནས་རྩེ་རྒྱུ་མ་གཏོགས་ཅི་ཡང་མི་ཤེས། ཁྱོད་ཀྱིས་ཉ་ཉོག་དེ་འདྲ་ལས་ཨ་མར་རོགས་པ་བྱེད་ན་མི་བཟང་ངམ། ནར་སོན་ནས་ལུས་མ་ལ་མཉམ་ཡོད་ཀྱང་ཁྱི་རྒྱག་གི་དབྱུག་པའང་མི་ཉན”ཞེས་གཤེ་གཤེ་བཏང་། བདེ་སྐྱིད་ཀྱི་གདོང་ལ་སུན་སྣང་གི་རྣམ་འགྱུར་ཞིག་མངོན་རུང་ཕྱིར་ཚིག་ལོག་བཤད་མི་ཕོད་པར་གདན་ལས་ཡར་ལངས་ཏེ“ཤེས་ཐལ། ཤེས་ཐལ”ཞེས་བཤད་ཞོར་དུ་མར་རྩམ་དང་ཅ་ནེ་ལེན་དུ་སོང་།
ཨ་ཁུ་ཕྱག་རྡོར་ཕྱིར་སྦྲ་ནང་དུ་འཛུལ་ནས་ཕོ་ཁྱིམ་གྱི་ཡར་སྒྱིད་ནས་སྐྱིལ་གྲུང་གོར་མོ་ཞིག་བཅས་ཏེ་རྩམ་པ་སྣུམ་པོ་ཞིག་བརྫིས་རྗེས། རྩམ་པ་རིལ་བུ་ཆུང་ཆུང་ཞིག་ཁ་ནང་དུ་བཞག་ནས་ལྡད། དེ་ནས་ཅ་ནེ་སྐྱོར་ནས་འོ་ཇ་འཐུང་བ་ན། དྲོ་ཞིང་ཞིམ་མངར་ལྡན་པའི་འོ་ཇ་དེས་ལུས་སེམས་ཀྱི་གྲང་ངར་བསལ་བས། ཁོས་ཡིད་ཚིམ་པའི་འཛུམ་མདངས་ཤིག་སྟོན་ཞོར“ང་ལ་ཆེས་འཚམ་པ་ནི་འཚོ་བཅུད་ལྡན་པའི་འོ་ཇ་དང་རྩམ་པ་རེད”ཅེས་བཤད། ཁོང་གིས་ཚ་མོ་བདེ་སྐྱིད་གདན་དུ་བསྡད་རྗེས་ཅི་ཡང་མ་ཟོས་པར་འོ་ཇ་ཁམ་བུ་གཉིས་གསུམ་མ་གཏོགས་མ་འཐུང་བ་མཐོང་ནས “བདེ་ལོ། ཁྱོད་ཀྱིས་ནངས་ཆུ་མི་འཐུང་ངམ” ཞེས་དྲིས་པ་ན། བདེ་སྐྱིད་ཀྱིས “འོ། ཨ་མྱེས། ང་ཅུང་ཙམ་བསྡད་རྗེས་རྫོང་ཐོག་ལ་གཡང་འཛོམས་དང་ལྷན་དུ་སྐམ་ཐུག་འཐུང་དུ་འགྲོ་རྒྱུ་ཡིན”ཞེས་བཤད། ཨ་ཁུ་ཕྱག་རྡོར་གྱིས་བསམ་བློར་གཏོང་ཞོར་དུ“གཡང་འཛོམས་ཟེར་བ་དེ་རྒད་པོ་ཚེར་ལོ་ཚང་གི་ཁྱོད་དང་མཉམ་དུ་སློབ་གྲྭ་ཆེན་མོར་འགྲོ་མཁན་དེ་ཡིན་ནམ” ཞེས་དྲིས་པ་ན། བདེ་ལོས “ རེད་ཡ། ཁོ་མོ་རེད” ཅེས་ལན་བཏབ།
ཨ་ཁུ་ཕྱག་རྡོར་གྱིས་རེ་ཞིག་ཁ་ནང་གི་རྩམ་པ་ལྡད་རྒྱུའང་བརྗེད་དེ་སྔོན་ཆད་ཀྱི་ལོ་ཟླ་དེ་དག་དྲན་བྱུང་། ཁོ་རང་ཆུང་དུས་སུ་ཉིན་རྒྱུན་ཚེར་ལོ་དང་མཉམ་དུ་ཕྱུགས་འཚོ་རུ་སོང་བ་དང་། སྦྲ་ནག་གི་མདུན་ཕྱོགས་ཀྱི་དེའུ་འབུར་ཆུང་ཆུང་དེའི་ཕ་རོལ་དུ་ཡོད་པའི་རྩྭ་ཐང་དེ་རུ་ཁོང་ཚོའི་བྱིས་དུས་ཀྱི་མཛེས་སྡུག་ལྡན་ཞིང་བརྗེད་ཐབས་བྲལ་བའི་ཕྱིར་དྲན་མང་པོ་ཡོད་དེ། ཁོ་ཚོས་རང་ཁྱིམ་གྱི་ནོར་ལུག་དེད་ནས་རྩྭ་ས་བཟང་ས་ཞིག་བཙལ་རྗེས། ཕྱུགས་འཚོ་བའི་ཞོར་དུ་རྩེ་རེས་དགོད་རེས་བྱས་པའི་རྣམ་པ་རེ་རེ་བཞིན་དྲན་འཛིན་དུ་དབང་མེད་འཁོར་བྱུང་། ཅུང་ཙམ་འགོར་རྗེས་ཁོས་དངན་པ་ཞིག་འཐེན་ནས་ཀླུ་སྒྲོན་ལ“བདེ་ལོ། གྲོགས་པོ་དང་མཉམ་དུ་རྫོང་ཐོག་ལ་འགྲོ་རྒྱུ་ཡིན་ན། དེ་རིང་ཕྱུགས་འཚོ་བའི་འགན་དེ་ཁྱོད་ལ་སྤྲོད་རྒྱུ་ལས་ཐབས་གཞན་མེད། བདེ་འཇགས་ལ་དོ་སྣང་བྱོས” ཞེས་བཤད།
གཏམ་དེ་ཐོས་ཚེ་ཀླུ་སྒྲོན་གྱིས་ཅི་ཡང་མ་བཤད། མགོན་པོ་ཡིས་རང་གི་ཆུང་མ་ལ་བལྟས་པ་ན། ཆུང་མས་ཁོ་ལ་མིག་བརྡ་ཞིག་བཏང་སྟེ། ཁོས་ཆུང་མས་བརྗོད་འདོད་པའི་སྐད་ཆ་དེ་ཤེས་སོང་། འོན་ཀྱང་ཨ་ཕའི་གཉེར་མས་གང་བའི་ངོ་གདོང་སྨུག་པོ་ལ་བལྟས་པ་ན། བཤད་འདོད་པའི་སྐད་ཆ་དེའི་ཚིག་ཟུར་ཙམ་ཡང་བཤད་མ་ཕོད། མགོན་པོའི་ཚུགས་ཀ་དེ་མཐོང་ནས་ཀླུ་སྒྲོན་གྱིས་མྱུར་དུ་ཤོད་ཡ་ཞེས་པའི་བརྡ་ལ་ལུ་ཟུག་ཅིག་བྱས་པས། མགོན་པོའི་སེམས་སུ་འཚབ་སྣང་དང་མི་བཟོད་པས་ཁེངས་རུང་། མཐར་ཁ་ནས་འདི་ལྟར་མི་བཤད་ཀ་མེད་བྱུང་སྟེ “ཨ་ཕ་ལགས། ཟླ་ལྔ་བར་ཐོན་པས་ང་དང་ཀླུ་སྒྲོན་གཉིས་ཀ་རྫ་ལུང་དུ་དབྱར་རྩྭ་འཐུ་བར་འགྲོ་རྩིས་ཡོད། ན་ནིང་གི་དབྱར་རྩྭའི་རིན་གོང་མཐོ་ལ་ད་ལོར་རིན་གོང་ད་དུང་འཕར་སྲིད་པས། ནམ་རྒྱུན་ཕྱུགས་འཚོ་རུ་སོང་སྟེ་དཀའ་ལས་མྱོང་ནས་ནོར་ལུག་དེ་དག་སྲུང་བ་ལས་བཟང་། དེ་མིན་ད་རུང་བདེ་ལོ་ཡང་སློབ་གྲྭ་ཆེན་མོར་འགྲིམ་པས་ཁྱིམ་དུ་འདུག་ཁོམ་མེད། ཁྱེད་རང་དགུང་ལོ་མཐོ་ཞིང་སྐུ་ལུས་ཀྱང་དེ་འདྲ་བདེ་བོ་མེད་པས་མུ་མཐུད་དུ་ཕྱུགས་འཚོས་ན་དཀའ་ངལ་མང་། ཀླུ་སྒྲོན་ངེད་གཉིས་ཀས་གྲོས་བྱས་ནས་ཁྱིམ་གྱི་ལུག་ཉིས་བརྒྱ་དང་ཟོག་བཞི་བཅུ་བོ་དེ་བཙོང་རྩིས་ཡོད། དེའི་ཁར་ལོ་འདི་དག་གི་རིང་ལ་བསགས་པའི་སྒོར་མོ་དེ་དག་བསྣན་ནས་རྫོང་དུ་ཕྱིན་ཏེ་ཐོག་ཁང་རན་པ་ཞིག་ཉོས་ན་བཟང་སྙམ། ངའི་གྲོགས་པོ་ཞིག་གིས་ང་ལ་རོགས་བྱས་ནས་ལག་བརྒྱུད་ཁང་པ་ཞིག་ལ་བལྟས་ཡོད། སྒྲིག་བཀོད་མཛེས་བཟོ་མང་པོ་བྱ་མི་དགོས་ལ་དངུལ་ཁྲི་བཞི་བཅུ་མ་གཏོགས་མི་དགོས་པར་ཐད་ཀར་ཅ་ལག་ཁྱེར་ནས་ནང་དུ་འདུག་ཆོག”ཅེས་བཤད།
བདེ་སྐྱིད་ཀྱིས་རང་ཁྱིམ་རྫོང་ཐོག་ལ་སྤོར་རྒྱུ་ཡིན་པ་ཐོས་མ་ཐག་སེམས་ལ་དགའ་སྤྲོ་ཚད་མེད་སྐྱེས་ཤིང་། འགྲམ་གྱི་ཨ་མའི་ལག་པར་དམ་པོ་འཇུས་ནས་ཕར་གཡོ་ཚུར་གཡོ་བྱས་པ་ན། ལྷ་མོས་མོའི་ལག་པ་བཟུང་ནས་མར་ལ་བཞག་ཅིང་མོ་ལ་ཁ་གྲགས་མི་རུང་བའི་བརྡ་བསྟན།
ཨ་ཁུ་ཕྱག་རྡོར་གྱིས་མགོན་པོའི་སྐད་ཆ་གནམ་ལྕགས་ཐོག་དང་འདྲ་བ་དེ་ཐོས་རྗེས། སེམས་ཁོང་ནས་ན་ཟུག་ཆེན་མོ་ཞིག་མཆེད་དེ་རིམ་བཞིན་ལུས་ཀུན་ལ་ཁྱབ་ཅིང་། མགོ་བོ་མར་ལ་བསྒུར་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ནུས་པར་འདང་རྒྱག་གི་རྒྱ་རུ་ཚུད་པས། བུ་ཡིས་རྗེས་སུ་གཞན་ཅི་ཞིག་བཤད་པ་ཡང་ཐོས་མ་བྱུང་། ཁོའི་སེམས་སུ་ཁོ་རང་ཕ་མེས་ཡང་མེས་ནས་བརྒྱུད་ཅིང་ཁོའི་མི་ཚེ་གང་བོར་གོམས་ཤིང་འདྲིས་ལ་འཚོ་ཞིང་བཞེས་པའི་འབྲོག་པའི་འཚོ་བ་དང་ཁ་འབྲལ་དགོས་བྱུང་བ་གསལ་ལེར་ཤེས་ཀྱང་། སེམས་ལ་གྲ་སྒྲིག་བྱེད་དབང་ཙམ་ཡང་མེད་པར་དོན་འདི་འདྲ་ཐོས་པས་ཅི་བྱེད་འདི་བྱེད་མེད་པར་མགོ་བོ་ཡར་དགྱེ་ནས་མགོན་པོ་ལ་མིག་གིས་ཅེར་ནས་བསྡད། ཡུན་རིང་འགོར་རྗེས། ཁོས་ད་གཟོད་རང་གི་བརྗོད་འདོད་པའི་སྐད་ཆ་དེ་རྙེད་པ་དང་འདྲ་བར་མགོན་པོ་ལ“ཁྱོད་ཀྱིས་དངོས་གནས་ནོར་ལུག་འདི་དག་བཙོང་རྒྱུ་ཡིན་ནམ། དངོས་གནས་མི་རབས་དུ་མར་སྐྱོང་བའི་ཕྱུགས་ཟོག་འདི་དག་བཙོང་ནས་རྫོང་དུ་འགྲོ་རྒྱུ་ཡིན་ནམ”ཞེས་དྲིས་ཤིང་། ཁོང་གི་སྐད་ངག་དེ་ལ་དངངས་སྐྲག་དང་སེམས་སྡུག་ཆེན་པོས་ཁེངས་ཡོད་དེ། གལ་ཏེ་མགོན་པོས་ནོར་ལུག་དེ་དག་བཙོང་ན་ཉེས་པ་ཆེན་པོ་ཞིག་ཡོད་པའི་ཚུལ་བསྟན། མགོན་པོས་ལོ་ན་བགྲེས་བའི་ཨ་ཕའི་བྲེལ་འཚུབ་ཀྱི་ཚུལ་དེ་ལ་བལྟས་ནས་སེམས་མི་བཟོད་པར་གྱུར་བ་དང་། ཀླུ་སྒྲོན་གྱིས་ཁྱོ་གའི་གདོང་དུ་གཡོ་འགུལ་བྱུང་བའི་རྣམ་འགྱུར་མངོན་པ་མཐོང་ནས། བུ་མོའི་ལག་པ་ལྷོད་ནས་ཇ་དེམ་ཁྱེར་ཏེ་ཨ་ཁུ་ཕྱག་རྡོར་ལ་ཇ་ལྡུག་ཞོར“ཨ་ཕ་ལགས། དེང་སྐབས་ཕྱུགས་འཚོས་ན་ཡོང་སྒོ་ཆེན་པོ་མེད། ང་ཚོས་ལོ་གཅིག་ལ་དཀའ་ལས་དེ་འདྲ་མང་པོ་བརྒྱབ་རུང་གཞན་གྱིས་ཉིན་འགའ་ལ་དབྱར་རྩྭ་འཐུས་པར་ཡང་དོ་ཟླ་མི་ཡོང་། ཁྱེད་རང་གི་ལོ་ནའང་བགྲེས་ལ་གཟུགས་པོའང་བདེ་བོ་མེད་པས་ཁྱེད་རང་རྟག་པར་སྦྲ་གུར་འདིར་འདུག་རྒྱུ་ཡིན་ནམ། ད་ཁྱེད་ཀྱིས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ལ་ལོངས་སྤྱོད་བྱེད་པའི་དུས་རེད། བདེ་ལོ་ཡང་ནར་སོན་འདུག་ལ་ལོ་ཁ་ཤས་འགོར་རྗེས་འཁོར་བ་གསར་བ་འཛུགས་དགོས་པས་དངུལ་གྱི་སྤྱོད་སྒོ་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་ཐག་ཆོད་ཡིན། ཁྱིམ་གྱི་ནོར་ལུག་བཙོང་རྒྱུ་ནི་ང་ཚོའི་འཚོ་བ་དེ་བས་ཡག་པོ་སྐྱེལ་ཐུབ་ཆེད་ཡིན་ཡ”ཞེས་བཤད།
ཨ་ཁུ་ཕྱག་རྡོར་གྱིས་ནམ་རྒྱུན་སྐད་ཆ་བཤད་མཁས་པའི་མནའ་མ་ལ་བལྟས་ནས་རེ་ཞིག་ཅི་ཞིག་བཤད་དགོས་པའང་མ་ཤེས། ཡུད་ཙམ་འགོར་རྗེས་ཁོང་གིས་མགོན་པོ་ལ “ཁྱེད་ཚོས་ངེས་པར་དུ་རྫོང་དུ་གནས་སྤོར་དགོས་པའི་གྲོས་བྱས་ཡོད་ན་ངས་ཀྱང་སྐད་ཆ་མང་པོ་མི་བཤད། ང་རྒད་པོར་སྔར་ནས་བཟུང་སྐད་ཆ་བཤད་དབང་མེད་མོད། ཡིན་ཡང་ང་ཚོའི་བོད་ནི་རྒྱུ་འབྲས་ཀྱི་བདག་པོ་ཡིན་ཞེས་ཟེར་སྲོལ་ཡོད་པས། ཁྱིམ་གྱི་ནོར་ལུག་ཕྱེད་ཀ་ཚེ་ཐར་ལ་གཏོང་དགོས”ཞེས་བཤད། སེམས་ཅན་ཚེ་ཐར་ལ་གཏོང་དགོས་པའི་སྐད་ཆ་དེ་ཐོས་མ་ཐག་མགོན་པོས་སྨིན་མ་བསྡུས་ཏེ་སྐད་ཆ་ཤོད་རྩིས་བྱེད་སྐབས། ཀླུ་སྒྲོན་གྱིས་མྱུར་དུ་མགོན་པོའི་ཁ་འཕྲོག་སྟེ་ཨ་ཁུ་ཕྱག་རྡོར་ལ“ཨ་ཕ་ལགས། ནོར་ལུག་ཚང་མ་མ་བཙོངས་ན་ང་ཚོར་ཁང་པ་ཉོ་བྱེད་ཀྱི་སྒོར་མོ་མི་འདང་ལ་བདེ་ལོ་ལ་འཁོར་བ་འཛུགས་བྱེད་དེ་བས་ཀྱང་མེད”ཞེས་བཤད།
ཨ་ཁུ་ཕྱག་རྡོར་གྱི་མིག་ཟུང་ལ་མཆི་མ་འཁྱིལ་ཞིང་ལུས་ཡོངས་སྐྱོ་བའི་ན་ཟུག་གིས་སྦྲིད་ནས་ནུས་ཤུགས་ཉམས་ཞིང་ངོ་གདོང་སྐྱ་བོར་གྱུར། ཁོའི་སེམས་སུ་ད་ལྟ་ཁོས་ཅི་བཤད་ཡང་བཟའ་ཟླ་དེ་གཉིས་ཀྱི་བསམ་ཚུལ་ལ་འགྱུར་བ་ཏོག་ཙམ་ཡང་གཏོང་མི་ཐུབ་པ་ཤེས་ནས། དངན་པ་རིང་མོ་ཞིག་འཐེན་རྗེས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་གདན་ལས་ཡར་ལངས་ཏེ་སྦྲ་ནས་སྒོར་བུད།
བདེ་སྐྱིད་ཀྱིས་ཨ་མྱེས་སྒོར་འབུད་པའི་ཁྱ་ཁྱོར་གྱི་གོམ་ཁ་དང་གཞུ་ལྟར་འཁྱོག་པའི་རྒྱབ་གཟུགས་དེ་མཐོང་ནས། མོ་ལ་ཨ་མྱེས་ཀྱི་རྒྱབ་སྔོན་ཆད་ལས་ཀྱང་ཇེ་སྒུར་དུ་སོང་བའི་ཚོར་བ་ཞིག་བྱིན།
ག ཉིས།
བདེ་སྐྱིད་དང་གཡང་འཛོམས་གཉིས་ཀྱིས་རྒྱ་སྲང་ནས་སྒོར་དྲུག་ཅན་གྱི་ཞིམ་ཁུའི་འོ་ཇ་འཐུང་བཞིན་དགའ་སྤྲོའི་ངང་འཆམ་འཆམ་བྱས། ཅུང་ཙམ་འགོར་རྗེས། ཁོ་གཉིས་ཀྱིས་ཐང་ཆེན་གྱི་རྐུབ་སྟེགས་ཆུང་ཆུང་དེ་རུ་ངལ་གསོས།
བདེ་སྐྱིད་ཀྱིས་གྲོགས་མོའི་གདོང་ལ་བལྟས་ནས་སྔ་དྲོར་ཁྱིམ་དུ་བྱུང་བའི་བྱ་བ་དེ་གློ་བུར་དུ་དྲན་བྱུང་། མོས་དོན་ཆེན་དེ་རང་གི་གྲོགས་མོ་བཟང་ཤོས་ལ་ཤེས་སུ་བཅུག་ན་འགྲིག་སྙམ་ནས “གཡང་འཛོམས། ངས་ཁྱོད་ལ་བྱ་བ་ཞིག་བཤད་འདོད། ཉིན་འགའི་རྗེས་སུ་ངེད་ཚང་གནས་སྤོར་ནས་རྫོང་ཐོག་ལ་འགྲོ་རྒྱུ་ཡིན། རྗེས་ཕྱོགས་ངེད་གཉིས་འདི་ལྟར་གང་འདོད་དུ་ཐུག་དཀའ་མོ་ཡིན་པ་འདྲ” ཞེས་བཤད་མ་ཐག གཡང་འཛོམས་ཡ་མཚན་ཞིང་དགའ་བའི་ཚུལ་གྱིས“ངོ་མ་ཡིན་ནམ། དེ་དངོས་ནས་འགྲིག་སོང”ཞེས་བཤད། བདེ་སྐྱིད་ཀྱིས་སྐད་ཆ་དེ་ཐོས་རྗེས་དེའི་ཧ་མ་གོ་བར་མཚར་སྣང་གིས་གཡང་འཛོམས་ལ་བལྟས། གཡང་འཛོམས་ཀྱིས་བདེ་སྐྱིད་ཀྱི་ལག་པར་འཇུས་ནས “ངེད་ཚང་ཡང་རྫོང་ཐོག་ཏུ་སྤོ་རྩིས་ཡོད” ཅེས་བཤད་པ་ན། བདེ་སྐྱིད་དགའ་བ་འབུམ་གྱིས་མྱོས་ནས་རང་ཉིད་ཀྱི་གྲོགས་མོ་བཟང་པོ་ལ་འཐམ། མོའི་སེམས་སུ་རང་ཉིད་གྲོགས་མོ་བཟང་ཤོས་དང་ཁ་བྲལ་མི་དགོས་པས་དགའ་སྤྲོ་ཡིས་ཁེངས།
བདེ་སྐྱིད་ཀྱིས་གཡང་འཛོམས་ལ་འཐམ་པའི་ལག་པ་དེ་ལྷོད་རྗེས་མོའི་གདོང་གི་དགའ་སྐྱོ་གཉིས་ལྡན་གྱི་རྣམ་འགྱུར་དེ་མཐོང་ནས་གཡང་འཛོམས་ལ“ཁྱོད་རང་ཅི་བྱས་སོང། ངོ་མདོག་དེ་འདྲ་བཟང་བོ་མི་འདུག”ཅེས་དྲིས་པ་ན། གཡང་འཛོམས་ཀྱིས་དངན་པ་ཞིག་འཐེན་ནས “ཉིན་འདི་དག་ལ་ངེད་ཚང་གིས་ཁྱིམ་གྱི་ནོར་ལུག་རྣམས་ཇི་ལྟར་ཐག་གཅོད་བྱེད་དགོས་པ་མ་ཤེས་ནས་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག ཨ་ཕས་བཙོངས་ན་བཟང་ཟེར་མོད། འོན་ཀྱང་ཨ་མྱེས་ཀྱིས་བློས་མ་ཐོངས་པར་ངེས་པར་དུ་ཚེ་ཐར་གཏོང་དགོས་ཟེར་བཞིན་འདུག དེ་འདྲ་མ་བྱས་ན་རྫོང་ཐོག་ཏུ་མི་སྤོར་ཟེར། དེ་སྔོན་ཨ་མྱེས་རྫོང་དུ་སྤོ་བར་གོ་བསྐོན་བློ་འགུག་བྱས་པ་དེ་ཙམ་གྱིས་ང་ཚོ་ལ་དཀའ་ལས་མང་པོ་བརྒྱབ་སོང་བས་ཨ་ཕས་ནོར་ལུག་ཚང་མ་ཚེ་ཐར་གཏོང་རྒྱུ་ཁས་ལེན་མི་བྱེད་ཐབས་མེད་བྱུང་། འོན་ཀྱང་དེ་ལྟར་ཁས་བླངས་རུང་ཨ་མྱེས་ཀྱི་སེམས་སྔར་བཞིན་སྐྱིད་པོ་མེད་ལ་ཉིན་རྒྱུན་རང་ཁྱིམ་གྱི་ནོར་ལུག་དག་ལ་བལྟས་ཏེ་ཧད་ནས་བསྡད་ཡོད” ཅེས་བཤད།
བདེ་སྐྱིད་ཀྱི་ཡིད་ལ་རང་གི་ཨ་མྱེས་ཀྱི་རྒྱབ་གཟུགས་དེ་དྲན་ནས་སེམས་སུ་བརྗོད་མི་ཤེས་པའི་ཚོར་སྣང་དང་སེམས་སྡུག་གིས་བཅིངས། ཁོ་མོས་ཨ་མྱེས་ཀྱི་སེམས་ཁམས་རྟོགས་ཐུབ་མོད། ཡིན་ནའང་ཁོ་མོའི་སེམས་སུ་དེ་ནི་བྱ་བ་བཟང་པོ་ཞིག་སྟེ། ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཆེན་པོ་མྱོང་ནས་རྩྭ་ཐང་དུ་ཕྱུགས་འཚོ་བ་ལས་རྫོང་ཐོག་ཏུ་སྤོར་ན་གཞི་ནས་གདམ་ག་ཡག་པོ་ཞིག་ཡིན་པར་འདོད་ཀྱིན་ཡོད། ཁོ་མོས་ཡང་རང་གི་ཨ་མྱེས་ཚེ་གང་བོ་རྩྭ་ཐང་ལ་བརྟེན་ཅིང་ད་ལྟར་དེ་དང་ཁ་བྲལ་དགོས་པའི་ཚུལ་ལ་ཐུག་ཡོད་པའི་ཁར། ད་དུང་ཁང་བ་ཉོ་བྱེད་ཀྱི་དངུལ་འདང་ངེས་ཤིག་སྤྲོད་པའི་ཆེད་དུ་ཁྱིམ་གྱི་ནོར་ལུག་ཚང་མ་རང་གི་བསམ་འདུན་ལྟར་ཚེ་ཐར་ལ་གཏོང་མ་ཐུབ་པར་བཙོང་དགོས་ཀྱི་ཡོད་པའི་གནས་ཚུལ་དེ་དང་བསྡུར་ན། གཡང་འཛོམས་ཀྱི་སྤོ་བོ་ལགས་ལ་སེམས་སྐྱིད་པོ་མ་བྱུང་རུང་ཁྱིམ་གྱི་ནོར་ལུག་ཚེ་ཐར་གཏོང་བའི་བསམ་འདུན་མངོན་འགྱུར་བྱུང་ཡོད་སྙམ་ནས། མོས་སེམས་པ་སྐྱོ་བས་མནར་ཞིང་དབང་མེད་དུ་ཆུང་དུས་ནས་མོ་དང་མཉམ་དུ་འཚར་ལོངས་བྱུང་བའི་ལུག་ཁྱུ་དང་ནོར་ཁྱུ་དྲན་བྱུང་།
གཡང་འཛོམས་དང་ཁ་གྱེས་རྗེས་བདེ་སྐྱིད་ཞིམ་ཁུའི་འོ་ཇ་བཙོང་སའི་ཚོང་ཁང་དེ་ནས་བརྒྱུད་སྐབས་སེམས་སུ་རང་གིས་ཞིམ་ཁུའི་འོ་ཇ་འཐུང་ཚེ་སེམས་ཇེ་སྐྱིད་ལ་འགྲོ་ཐུབ་པ་དྲན་ནས། ཨ་མྱེས་ཀྱི་རྒྱབ་གཟུགས་དེ་ཡིད་ལ་ཤར་ནས་ཞིམ་ཁུའི་འོ་ཇའི་ཚོང་ཁང་དུ་ཞིམ་ཁུའི་འོ་ཇ་ཕོར་གང་ཉོས།
ཁྱིམ་དུ་ལོག་རྗེས། ཁོ་མོས་ཨ་མྱེས་གདན་སྟེང་དུ་བཙོག་ནས་མིག་བཙུམས་ཤིང་ལག་པ་གཡས་པས་ཕྲེང་བ་བགྲང་བཞིན་ཁ་ནས་གསལ་ལ་མི་གསལ་བའི་མ་ཎི་འདོན་བཞིན་པ་མཐོང་། ངོ་མདོག་ལ་བལྟས་ན་སེམས་ཁམས་སྐྱིད་མིན་གསལ་པོ་མི་ཤེས་པས་མོ་ཨ་མྱེས་ཀྱི་གམ་དུ་བཅར་ཏེ་ཞིམ་ཁུའི་འོ་ཇ་དེ་འགྱིག་ཁུག་ལས་བླངས་ནས་འཇིབ་སྦུག་གྱིས་བཏོན་ཏེ་ལག་པ་གཉིས་ཀྱིས་སྐྱོར་ནས་ཨ་མྱེས་ཀྱི་ལག་ལ་བཞག ཁོ་མོས“ཨ་མྱེས་ལགས། འདི་ནི་ཞིམ་ཁུའི་འོ་ཇ་རེད། ཇ་དམར་དང་འོ་མ་ཡིས་སྐོལ་བ་རེད། ཁྱེད་ཀྱིས་ཁམ་གང་ཐུངས་དང”ཞེས་བཤད། ཨ་ཁུ་ཕྱག་རྡོར་གྱིས་ཚ་མོས་རང་གི་ལག་ཏུ་བཞག་པའི་ཞིམ་ཁུའི་འོ་ཇའི་ཤོག་ཕོར་སྟེང་གི་རི་མོ་ལ་ལྟ་ཙམ་བྱས་ཏེ་སླར་ཡང་རང་གི་ཅ་ནེ་ལ་བལྟས། དེ་ནས་ཅི་ཡང་མ་བཤད་པར་འཇིབ་སྦུག་ཁ་ནང་ལ་བཞག་ནས་ཁམ་གང་འཇིབ། ཁམ་གང་འཇིབ་རྗེས་སྐད་ཆ་ཅི་ཡང་མ་བཤད་པར་ཤོག་ཕོར་དེ་སྒྱིད་པུའི་འགྲམ་ལ་བཞག་ཅིང་། ལག་པ་གཉིས་ཀྱིས་རང་གི་ཅ་ནེ་སྐྱོར་ནས་ནང་གི་འོ་ཇ་འཐུང་ཚར་རྗེས་དལ་གྱིས་ཡར་ལངས་ནས་སྒོར་བུད། བདེ་སྐྱིད་ཀྱིས་ཨ་མྱེས་ཀྱི་རྒྱབ་གཟུགས་ལ་ལྟ་ཙམ་དང་ཞིམ་ཁུའི་འོ་ཇ་ལ་ལྟ་ཙམ་བྱས་ནས། ཨ་མྱེས་ཀྱི་ཅ་ནེ་ལག་ལ་བཟུང་ནས་ཡིད་ལ་ཨ་མྱེས་ཀྱིས་རྒྱུན་དུ་བཤད་པའི་རང་ལ་ཆེས་འཚམ་པ་འོ་ཇ་དང་རྩམ་པ་རེད་ཅེས་པའི་གཏམ་དེ་དྲན། མོས་ཨ་མྱེས་ཀྱི་བསམ་ཚུལ་ཕལ་ཆེར་ཧ་གོ་ཡོད་པ་འདྲ། ཁོ་མོས་མྱུར་དུ་ཇ་དེམ་བཟུང་ནས་ཨ་མྱེས་ཀྱི་ཅ་ནེའི་ནང་ལ་འོ་ཇ་གང་བླུགས་རྗེས་ལག་པ་གཉིས་ཀྱིས་སྐྱོར་ནས་སྒོར་བུད།
གསུམ།
ཉིན་གྱི་དྲན་ལམ། མཚན་གྱི་རྨི་ལམ་ཞེས་པ་ལྟར་ཉིན་འདི་དག་ལ་ཕ་ཡུལ་དང་རྩྭ་ཐང་། རྟ་ནོར་ལུག་གསུམ་མ་དྲན་པའི་དུས་ཤིག་མེད་པས་མདང་དགོང་དེ་དག་རྨི་ལམ་དུ་འཁོར་བ་ཕྱིར་དྲན་བྱེད་དུས་ཨ་ཁུ་ཕྱག་རྡོར་གྱི་སེམས་པ་དགའ་སྐྱོ་གཉིས་ཀྱིས་བཟུང་སོང་། རྨི་ལམ་དུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཆེན་པོ་དེ་ནི་རང་བྱུང་གིས་གྲུབ་པའི་ས་གདན་ལྗང་ཁུ་དང་འདྲ་ཞིང་། རྩྭ་ཐང་དུ་སྐྱོད་སྐབས་ས་མཉེན་ཞིང་ལྡེམ་པའི་ཚོར་སྣང་དེ་ཧ་ཅང་སྐྱིད་པོ་འདུག སྔོ་ལྗང་རྩྭ་དང་སྔོན་པོ་གནམ་ཕན་ཚུན་འབྲེལ་བའི་མཚམས་ན་ནོར་ལུག་བག་ཕེབས་སུ་རྒྱུ་ཞིང་འབྲོག་པས་རྫི་གླུ་སྙན་མོ་ཞིག་གཏོང་བཞིན་ཡོད།
རྭ་རིང་བོ་སྐྱེས་པའི་ལུག་ཅིག་གིས་གློ་བུར་དུ་མགོ་བོ་བཏེགས་ཏེ་འབའ་བ་ན། ལུག་གཞན་པས་ཀྱང་ལད་མོ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་འབའ་ཞིང་། འོ་མ་ནུ་བཞིན་པའི་ལུ་གུ་ཆུང་ཆུང་ཞིག་གིས་ཀྱང་འབའ་སྐད་བཏང་། ལུག་མང་པོའི་འབའ་སྒྲས་རྒྱང་རིང་དུ་བཟན་འཚོལ་བཞིན་པའི་བྱིའུ་ལའང་འཇིགས་སྐྲག་སྐྱེལ་པ་དང་། གཤོག་པ་རྡེབ་བཞིན་རྒྱང་དུ་འཕུར། ནོར་ཁྱུ་དལ་བུའི་ངང་སྐྱོད་བཞིན་ཡོད་པ་དེ་མཐིང་མདོག་གི་རྒྱ་མཚོའི་ནང་དུ་སྐྱོད་བཞིན་པའི་གྲུ་གཟིངས་དང་འདྲ། བེའུ་ཆུང་ཆུང་གིས་རྔ་མ་སོས་དལ་བག་ཕེབས་ཀྱིས་གཡུགས་ཞོར་དུ་མིག་གཉིས་ནི་འོད་འཚེར་བའི་གློག་སྒྲོན་གཉིས་དང་འདྲ་བར་ཁོ་ལ་ལྟ་འདུག་པའི་ཚུལ་ནི་བེའུ་དེས་ཁོའི་རེ་འདུན་རྟོགས་ཐུབ་བཞིན་པའི་འཁྲུལ་སྣང་ཞིག་བྱིན།
རྨི་ལམ་ལས་སད་རྗེས། ཨ་ཁུ་ཕྱག་རྡོར་ཉལ་ཁྲི་ལས་ཡར་དགྱེས་ཏེ་ཐོ་ཡོར་ཞིག་དང་འདྲ་བར་བཙོག་ནས་བསྡད། ཁོ་འགུལ་ཙམ་ཡང་མི་བྱེད་པར་སྒེའུ་ཁུང་ལས་ཕྱིའི་རྒྱུས་མེད་ཀྱི་གྲོང་ཁྱེར་ལ་བལྟས་ནས་ཧད། ཡུན་རིང་འགོར་རྗེས་གསལ་ལ་མི་གསལ་བའི་དངན་པ་རིང་མོ་ཞིག་འཐེན་བྱུང་།
བཞི།
རྫོང་དུ་སྤོར་ནས་ཟླ་འགའ་འགོར་སོང་། ཨ་ཁུ་ཕྱག་རྡོར་གྱིས་ཆུ་ཁོལ་ནང་དུ་མར་ཏོག་ཙམ་གཡུག་སྟེ་སྟེང་ལ་རྩམ་སྐྱ་དང་ཆུར་བ་བླུགས་ནས་རྩམ་པ་བརྫིས་ནས་ལྡུམ་པོ་བྱས་རྗེས། དུམ་བུ་ཆུང་ཆུང་ཞིག་བཅད་ནས་ཁ་ནང་དུ་བཞག་ནས་ལྡད། དེ་ནས་ཆུ་ཁོལ་ཁམ་གང་འཐུང་། ད་ནི་ཁོར་གོམས་ལོབས་སུ་སོང་བའི་འོ་ཇ་མེད་ལ། ཁོས་རྒྱུན་དུ་བཤད་པའི་སྐད་ཆ་དེའང་མེད། ཀླུ་སྒྲོན་གྱིས་གོ་རེ་བག་ལེབ་ཅིག་ཟ་ཞོར་དུ་དགོངས་དག་གི་ཚུལ་གྱིས་ཨ་ཁུ་ཕྱག་རྡོར་ལ “ཨ་ཕ་ལགས། དེ་རིང་ཁྱིམ་གྱི་ཉེ་འགྲམ་དུ་འོ་མ་བཙོང་སའི་ཚོང་ཁང་ཚང་མའི་ནང་གི་འོ་མ་བཙོང་ཚར་ཟིན་པས། ངས་འོ་མ་ཉོ་མ་ཐུབ། དགོངས་པ་མ་ཚོམ” ཞེས་བཤད་པ་ན། ཨ་ཁུ་ཕྱག་རྡོར་གྱིས་སེམས་པ་སྐྱོ་རུང་ཕྱིར“སྐྱོན་མེད། སྐྱོན་མེད”ཅེས་བཤད།
ནངས་ཇ་འཐུང་རྗེས། ཀླུ་སྒྲོན་གྱིས་མགོན་པོ་ལ“གོ་ཐོས་ལྟར་ན་རིག་ལྡན་ཚང་ཡང་རྫོང་དུ་སྤོར་ཡོད་ཟེར། ཁྱེད་ཀྱིས་ཤེས་སམ”ཞེས་བཤད། མགོན་པོའི་གདོང་ལ་ཡ་མཚན་པའི་རྣམ་འགྱུར་ཞིག་མངོན་ཏེ“ངོ་མ་ཡིན་ནམ། ངས་མ་གོ ཨ་ཁུ་ཚེར་ལོ་མོར་མཐུན་བྱུང་སོང་ངམ” ཞེས་དྲིས་པ་ན། ཀླུ་སྒྲོན་གྱིས་ཨ་ཁུ་ཕྱག་རྡོར་གྱིས་ཡ་མཚན་པའི་ངང་མོའི་གདོང་ལ་ལྟ་ཙམ་བྱས་པ་མཐོང་ནས་མུ་མཐུད་དུ “ངས་ཀྱང་གསལ་པོ་མ་ཤེས། དེ་སྔོན་འོ་མ་ཉོ་རུ་འགྲོ་སྐབས་རིག་ལྡན་གྱི་ཆུང་མ་དང་ཕྲད་བྱུང་བས་ཁོང་ཚང་གནས་སྤོར་ནས་རྗོང་ཐོག་ཏུ་ཡོང་ཡོད་པ་ཤེས་པ་ཡིན” ཞེས་བཤད།
མགོན་པོས་ཐེ་ཚོམ་ངང “འོ་ན་ཁོ་ཚོའི་ནོར་ལུག་དེ་འདྲ་མང་པོ་ཞིག་བཙོངས་པ་ཡིན་ནམ། དངུལ་ག་ཚོད་ལ་བརྗེ་བ་ཤེས་སམ”ཞེས་དྲིས་པར་འགྲམ་གྱི་བདེ་སྐྱིད་ཀྱིས “ཁོང་ཚོའི་ཁྱིམ་གྱི་ནོར་ལུག་དེ་དག་མ་བཙོང་ཟེར། ཁོང་ཚོས་ཨ་མྱེས་ཚེར་ལོའི་འདོད་ཐོག་ཏུ་བཞག་ནས་ནོར་ལུག་དེ་དག་ཚེ་ཐར་ལ་གཏོང་སོང་ཟེར” ཞེས་བཤད་པ་ན། བདེ་སྐྱིད་ལས་གཞན་ཚང་མ་ཧད་སོང་། ཡུད་ཙམ་ནས་ཨ་ཁུ་ཕྱག་རྡོར་གློ་བུར་དུ་ཧང་སངས་པ་ལྟར་ཕྲེང་བ་བཟུང་ནས་མ་ཎི་ཡིག་དྲུག་བཟློས།
ལྔ།གཅིག

ལྔ།
དུས་ཚོད་ནི་བྱ་འཕུར་བ་ལྟར་མགྱོགས་ལ། ཨ་ཁུ་ཕྱག་རྡོར་རྩྭ་ཐང་དང་བྲལ་ཏེ་ལོ་གཅིག་ལྷག་ཙམ་ཕྱིན་སོང་།
ཨ་ཁུ་ཕྱག་རྡོར་གྱིས་སྔར་བཞིན་འོ་ཇ་མེད་པའི་ནངས་ཇ་དེ་འཐུང་རྗེས་སྐོར་བ་ལ་སོང་། རྫོང་དུ་ཐོན་པ་ནས་བཟུང་ཁོང་ལ་གོམས་གཤིས་ཤིག་ཆགས་པ་ནི་ཉིན་རྒྱུན་རྫོང་མཁར་གྱི་སྟོད་ཕྱོགས་ན་ཆགས་པའི་བཀྲ་ཤིས་ཆོས་འཁོར་གླིང་ལ་སྐོར་བ་འགྲོ་རྒྱུ་དེ་ཡིན། ཐང་ཆད་དུས་ལམ་ཟུར་གྱི་རྐུབ་སྟེགས་ཐོག་ངལ་གསོ་བརྒྱབ་སྟེ་འགྲོ་འོང་གི་མི་དང་སྐོར་བ་འགྲོ་མཁན་ལ་བལྟས་ནས་བསྡད། དེ་ལྟར་བྱས་ན་ཁོའི་སེམས་ཞི་ལྷོད་དུ་འགྲོ་ཐུབ། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར། ཁོ་རང་ཐང་ཆད་རྗེས་སྐོར་མཐའི་ལམ་ཟུར་གྱི་རྐུབ་སྟེགས་སྟེང་དུ་བསྡད་ནས་ངལ་གསོ་བྱས། ཁོའི་ཡིད་ལ་ལོ་གཅིག་ལྷག་ཙམ་ལ་མ་མཐོང་བའི་མི་ཞིག་དྲན་བྱུང་། ཁོས་ད་ལྟ་ཅི་ཞིག་བྱེད་བཞིན་ཡོད་དམ་བསམ། སྐབས་དེར། ཁོའི་འགྲམ་དུ་ཁོའི་བློ་ཡུལ་ལས་འདས་པའི་མི་ཞིག་བསྡད། “ཕྱག་རྡོར” རྣ་ལ་བྱང་བའི་སྐད་དེ་ཐོས་རྗེས། ཨ་ཁུ་ཕྱག་རྡོར་མགོ་གཡས་སུ་འཁོར་ནས་བལྟས་ཚེ་ད་གཟོད་ཨ་ཁུ་ཚེར་ལོ་ཡིན་པ་ཤེས།
“མ་གཞི་ཁྱོད་ཡིན་ནམ། ”
“ཡིན་ཡ། ང་ཚོ་ཡུན་རིང་ཞིག་ལ་འཕྲད་མ་བྱུང་། ” ཨ་ཁུ་ཚེར་ལོས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་པ་ན། ཨ་ཁུ་ཕྱག་རྡོར་གྱིས་དགའ་བ་དང་ཡ་མཚན་ཟུང་སྦྲེལ་གྱིས་ཨ་ཁུ་ཚེར་ལོ་ལ “ལོ་གཅིག་གི་སྔོན་ལ་ངས་ཁྱེད་ཚང་ཡང་རྫོང་དུ་སྤོར་ཡོད་པ་དང་། ཁྱེད་ཀྱིས་ཁྱིམ་གྱི་ནོར་ལུག་ཚང་མ་ཚེ་ཐར་ལ་གཏོང་བ་ཐོས་བྱུང་། ངོ་མ་ཡག་པོ་རེད། ང་ཧ་ཅང་དགའ་པོ་བྱུང་ཡོད། ངས་ཁྱེད་རང་གི་གཤིས་ཀ་ལྟར་ན་ཉིན་རྒྱུན་སྐོར་བ་ལ་ཡོང་ངེས་ཡིན་སྙམ་ཡང་ཁྱེད་རང་འཕྲད་མ་བྱུང་། ཁྱེད་རང་གང་དུ་ཕྱིན་སོང ”ཞེས་དྲིས།
ཨ་ཁུ་ཚེར་ལོས་ལག་པ་གཉིས་པུས་མོའི་ཐོག་ལ་བཞག་ཅིང་མིག་ཟུང་གིས་རྒྱང་རིང་ཞིག་ལ་བལྟས་ཏེ་དྲན་གསོ་དང་བཅས “ང་ལྷ་སར་ཕྱིན་པ་ཡིན”ཞེས་བཤད།
ཨ་ཁུ་ཕྱག་རྡོར་གྱིས་རང་གི་རྣ་ལ་ཡིད་མི་ཆེས་པར་གྱུར། ཁོ་ཧ་ལས་ཤིང་ལོ་མང་ལ་ངོ་ཤེས་པའི་གྲོགས་པོ་དེར་ཞིབ་ལྟ་ཞིག་བྱས། ཨ་ཁུ་ཚེར་ལོས་སྤྱིར་བཏང་གི་བོད་ཆས་ཕལ་བ་ཞིག་གྱོན་ནས་ངོ་གདོང་ནག་པོའི་སྟེང་དུ་གཉེར་མས་ཁེངས་འདུག དེ་ནི་ཨ་ཁུ་ཕྱག་རྡོར་གྱི་གདོང་དང་འདྲ་བར་དཀའ་སྡུག་ཚད་མེད་མྱོང་བའི་ངོ་གདོང་ཞིག་རེད། འོན་ཀྱང་མི་འདྲ་བ་ཞིག་ལ་ཨ་ཁུ་ཚེར་ལོ་ལོ་ན་བགྲེས་ཀྱང་ཁོང་གི་མིག་ནང་ན་སྔར་བཞིན་བཤད་དཀའ་བའི་འོད་མདངས་འཕྲོ་བཞིན་མཆིས། ཨ་ཁུ་ཚེར་ལོས་དལ་གྱིས “རྫོང་དུ་སྤོས་རྗེས་ང་དགའ་པོ་མ་བྱུང་། ངས་སྔར་བཞིན་རྩྭ་ཐང་གི་འཚོ་བ་དྲན་གྱིན་འདུག ངས་ཨུ་ཚུགས་ཀྱིས་རིག་ལྡན་ལ་ནོར་ལུག་ཚང་མ་ཚེ་ཐར་ལ་གཏོང་དགོས་པའི་རེ་བ་བཏོན་པ་ཡིན། འདི་ནི་ངས་སྒྲུབ་ཐུབ་པའི་བྱ་བ་གཅིག་པུ་རེད། རྗེས་སུ་རིག་ལྡན་གྱིས་ང་ཁྲིད་ནས་ལྷ་སར་ཕྱིན་པ་ཡིན། དེ་ནི་ངས་ཚེ་གང་བོར་འདོད་པའི་གནས་མཆོག་ཡིན”ཅེས་བཤད།
ཨ་ཁུ་ཚེར་ལོ་དང་ཁ་བརྡ་བྱས་པ་ལས་ཨ་ཁུ་ཕྱག་རྡོར་གྱིས་ཁོང་ཚོ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་དུ་གནས་མཇལ་དུ་ཕྱིན་པ་ཤེས་ལ། གཞན་བར་སྐོར་ན་ཉིན་རྒྱུན་ཁོ་དང་འདྲ་བའི་བགྲེས་པོ་མང་པོ་སྐོར་བ་འགྲོ་བཞིན་ཡོད་པ་ཤེས། གནས་མཆོག་དེ་ནི་ཨ་ཁུ་ཕྱག་རྡོར་ཁོ་རང་ཡང་ཚེ་གང་བོར་འགྲོ་འདོད་ཆེས་ཆེ་ཞིང་འགྲོ་མ་ཐུབ་པའི་གནས་མཆོག་དེ་ཅི་ལ་མིན། དེ་ནས་ཨ་ཁུ་ཚེར་ལོས་མགོའི་ཞྭ་མོའི་སྟེང་ནས་འདྲ་པར་ཞིག་བླངས་ཏེ། ཨ་ཁུ་ཕྱག་རྡོར་གྱི་ལག་ཏུ་བཞག་ནས་ཅི་ཡང་མ་བཤད་པར་ཡར་ལངས་ནས་བུད་སོང་།
འདྲ་པར་ནི་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་རྟེན་གྱི་སྐུ་འདྲ་ཞིག་རེད། ཨ་ཁུ་ཕྱག་རྡོར་གྱིས་འདྲ་པར་ལ་ཞིབ་ཏུ་བལྟས་ནས་སྤྱི་བོའི་གཙུགས་ལ་ལན་གསུམ་མཇལ་རྗེས་སེམས་ཆུང་གིས་འདྲ་པར་རུམ་དུ་བཅུག་ཅིང་། གློ་བུར་དུ་ཡིད་སེམས་ཧ་ཅང་སྨྲེང་ནས་དངན་པ་རིང་མོ་ཞིག་འཐེན་ཞོར་དུ་ཡུལ་དུ་ལོག་གོ།། །།