༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དུར་འཇུག་ཁྱབ་ཁོངས་ཀྱི་འབུར་དོན་གནད་དོན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཀྱི་བརྙན་རིས་གྲོས་ཚོགས་བསྡུས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 06-01


 མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དུར་འཇུག་ཁྱབ་ཁོངས་ཀྱི་འབུར་དོན་གནད་དོན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཀྱི་བརྙན་རིས་གྲོས་ཚོགས་བསྡུས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུར་འཇུག་བཅོས་སྒྱུར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དུར་འཇུག་ཁྱབ་ཁོངས་ཀྱི་འབུར་དོན་གནད་དོན་ལ་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་བའི་ཐད་ནས་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཞིབ་ཕྲའི་བླང་བྱ་བཏོན།  ཁོང་ཡུང་གིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་བཙུགས་ཏེ་དུར་འཇུག་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་འབུར་ཐོན་གནད་དོན་གཅིག་བསྡུས་བྱས་ཏེ་སྤྱི་བའི་དུར་ས་འཛུགས་སྐྲུན་བེད་སྤྱོད་བྱེད་པ་དང་དུར་འཇུག་ཞབས་ཞུ། དུར་མཆོད་དངོས་རྫས་ཉོ་འཚོང་སོགས་ཐད་ཀྱི་འབུར་ཐོན་གནད་དོན་ལ་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་དགོས། སྤྱི་བའི་དུར་ས་དང་པུར་ཁང་ཞབས་ཞུའི་སྡེ་ཁག་གི་དོ་དམ་ཐད་ཤུགས་བསྣན་ཏེ་ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། དེ་དང་མཉམ་དུ། དཔལ་ཡོན་དུར་འཇུག་དར་སྤེལ་བྱས་ཏེ་འདས་མཆོད་བྱེད་པའི་སྐབས་ཀྱི་གནའ་སྲོལ་དང་ཡུལ་སྲོལ་ངན་པ་མེད་པར་བྱས་ཏེ་དཔལ་ཡོན་གྲོན་ཆུང་གིས་འདས་མཆོད་སྒྲུབ་པའི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས། གང་འདོད་དུ་དུར་འཇུག་བྱེད་པ་དང་དུར་བྱང་ཆེན་པོ་འཛུགས་པ་སོགས་རང་བྱུང་རྣམ་པར་གནོད་པ་བཟོ་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས། དཔལ་ཡོན་འདས་མཆོད་རྒྱུན་འཁྱོངས་བྱས་ཏེ་སྤྱི་བའི་བདེ་འཇགས་ལ་གནོད་པ་དང་ཁོར་ཡུག་འབག་བཙོག་བྱེད་པ། འགྲིམ་འགྲུལ་ཐད་ཤུགས་རྐྱེན་ཡོད་པ། སྤྱི་བའི་སྒྲིག་ལམ་ལ་གནོད་པ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་འདས་མཆོད་བྱ་སྤྱོད་འབྱུང་བར་གཏན་འགོག་བྱེད་དགོས། དུར་འཇུག་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ་པུར་ཁང་དང་པར་ཁང་ཞབས་ཞུའི་ལྟེ་གནས། སྤྱི་ཕན་རང་བཞིན་གྱི་དུར་ས། ཞང་དང་སྡེ་བའི་དུར་ས་སོགས་ཀྱི་གཞི་རྩའི་དུར་འཇུག་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས། ཏང་སྲིད་འགོ་ཁྲིད་དང་སྡེ་ཁག་གི་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་སོ་སོའི་འགན་འཁྲི་དམ་འཛིན་བྱས་ཏེ་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་འགན་འཁྲི་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་དུར་འཇུག་བཅོས་སྒྱུར་དང་དུར་འཇུག་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1