སློབ་ཐོན་དུས་སུ་ལས་ཀ་འཚོལ་བར་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-01


        སློབ་ཐོན་དུས་སུ་རིམས་ནད་ཐོན་པ་དང་སྐབས་འཁེལ་བས། ལས་ཀ་འཚོལ་བའི་ལམ་བུ་དེའང་འགྲན་སློང་སྔར་ལས་ཆེ་བར་གྱུར་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད། རང་ལྗོངས་ཀྱིས“དྲ་ཐོག་+དྲ་ཕྱི”ཡི་ལས་བསྡུའི་བྱ་ཐབས་སྤྱད་དེ། ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པའི་དབར་འབྲེལ་ཟམ་བཙུགས་ཡོད། ཉིན་ཤས་གོང་། རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི“2022ལོའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་དབྱར་དུས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས”ལ་ཞུགས་མཁན་མི་སྤྱོད་ཚན་པ་120ཟིན་པ་དང་། ལས་ཞུགས་ལས་གནས་1397མཁོ་འདོན་བྱས་པའི་ནང་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། བཅའ་ཁྲིམས་ཆེད་མངགས་པ། རྩིས་པ། མི་དོན་དོ་དམ། དངུལ་གཉེར་སོགས་ཚུད་པ་དག་གིས་ལས་ཀ་འཚོལ་མཁན་མང་པོའི་ཡིད་དབང་བཀུག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1