ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་རྫ་ཆུ་ཁ་རུ་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས། སྤེལ་དུས། 06-13


 

      ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས“ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དམ་དུ་འཛིན་པ། དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན”བཅས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ་འབྱུང་འགྱུར་ལོ་ལྔའི་ནང་སི་ཁྲོན་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་དང་། ང་ཚོས་དུས་རབས་གསར་པར་འབད་འབུངས་དང་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ཆེད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་རྩ་བ་ནས་བརྩི་སྲུང་ཞུ་ཆེད་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་སེར་ཤུལ་གྲོང་རྡལ་གྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་རེད།

 

      སེར་ཤུལ་གྲོང་རྡལ་ནི་སེར་ཤུལ་རྫོང་མཁར་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་། གྲོང་རྡལ་ཡོངས་ཀྱི་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1503.53ཟིན་པ་དང་ས་ཁོངས་ནང་གི་ཆ་སྙོམས་མཚོ་འཕགས་སྨི4300ཟིན་ཞིང་། མཐོ་སྒང་གི་འབྲོག་ལས་རྐྱང་པའི་གྲོང་རྡལ་ཆེན་མོ་ཞིག་ཡིན། ལོ་ལྟར་ཟླ་བ་ལྔ་པ་དང་དྲུག་པ་ནི་ས་གནས་དེ་གར་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་ཡིན་ཞིང་འབྲོག་པ་མང་ཚོགས་རྣམས་གནས་སྤོ་བྱས་ནས་དབྱར་རྩྭ་རྐོ་བཞིན་ཡོད། དབྱར་རྩྭ་བརྐོ་ས་མང་ཆེ་བ་ནི་རི་སྒང་ཡིན་ལ་གློག་དང་འཕྲིན་གཏོང་བརྡ་རྟགས་མེད་པས། སེར་ཤུལ་གྲོང་རྡལ་གྱིས་རྟ་ཐོག་སྒྲོག་འགྲེལ་རུ་ཁག་བཙུགས་ནས་དུས་ཐོག་ཏུ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་འབྲོག་པ་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་རེད།


 

      སྔོན་ཐོན་ཏང་མི་དང་གྲོང་རྡལ་དང་གྲོང་ཚོའི་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་། འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ། མངག་གཏོང་ཁང་གི་ཉེན་རྟོག་པ། སྤྱི་བདེ་ཅུས། ་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་ལས་སྒོའི་རྐང་འཛིན་པ། འབྲོག་པའི་ཏང་མི་ཕུལ་བྱུང་སོགས་སྒྲོག་འགྲེལ་པ་དབྱར་རྩྭ་དགུན་འབུ་རྐོ་སར་བསྐྱོད་ནས་ཚོགས་ཆེན་གྱི་སྙིང་དོན་མི་ཚང་མར་གོ་ཐུབ་པར་བྱས་ཡོད།


 

      ཐེངས་འདིར་སྒྲོག་འགྲེལ་བྱེད་སྒོ་ཐེངས4སྤེལ་བས་ཁྱོན་འབྲོག་པ1600ལྷག་ཙམ་ལ་ཕན་ཐོགས་ཡོད། “ཏང་འཛུགས་སྐྱོང་དང་སྒྲོག་འགྲེལ་ཟུང་འབྲེལ”གྱི་རྣམ་པར་བརྟེན་ནས་སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཕུལ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1