མཐོ་སྒང་གི་གླང་རྔ་ལ་བརྟེན་ནས་མི་སེར་གྱི་ཡོང་སྒོ་འཕར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-13


 

        སྤྱི་ཟླ་དྲུག་པའི་མཐོ་སྒང་དུ། དཔྱིད་ཀྱི་དཔལ་མོའི་འཛུམ་མདངས་བཞད། སྤྱི་ཟླ་6པའི་ཚེས་10ཉིན། ངེད་གསར་འགོད་པ་རྟའུ་རྫོང་མགར་ཐར་གྲོང་རྡལ་དང་དཔལ་སྨད་གྲོང་རྡལ་གྱི་མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་དུ་འབྱོར་བ་དང་། ས་གནས་དེ་གའི་མི་སེར་རྣམས་ཞིང་ཁ་དང་དྲོད་ཁང་དུ་གླང་རྔ་སོགས་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ལ་བྲེལ་བཞིན་མཆིས།

 

        ཤེས་རྟོགས་བྱུང་བར་གཞིགས་ན། མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་ནི་2019ལོར་གསར་དུ་བཙུགས་པ་དང་ས་ངོས་ཟིན་ཚད་མུའུ་ཁྲི་1.1ཟིན་ཞིང་། མིག་སྔར་རྟེན་གཞི་ལ་མུའུ་7400ལྷག་ཡོད་ལ། མགར་ཐར་གྲོང་རྡལ་དང་དཔལ་སྨད་གྲོང་རྡལ་གཉིས་སུ་ཁྱབ་ཡོད། དེའི་ཁྲོད་ལྟེ་བའི་འདེབས་འཛུགས་ཁུལ་ལ་མུའུ་6200དང་ཞིང་པ་དུད་ཚང་རང་གིས་མུའུ་4900འདེབས་བཞིན་རེད། མིག་སྔར་གླིང་ཁུལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་དང་། གསོ་སྦྱོང་རྟེན་གཞི། ཚོད་ལྟའི་དྲོད་ཁང་ཆེན་མོ། འཁྱག་གཏོང་ཟོག་འགྲེམས་སོགས་ཀྱི་སྒྲིག་བཀོད་ཚང་མ་བསྐྲུན་ཡོད་པ་རེད། གླིང་ཁུལ་དེ་གཙོ་བོ་ས་ངོས་སྔོ་ཚལ་འདེབས་འཛུགས་ཁུལ་ལས་གྲུབ་པ་དང་། ས་མཐོའི་སན་ཆིང་གླང་རྔ་དང་། ཞོག་ཁོག །ས་མཐོའི་དཔྱིད་དུས་པད་ཁ་བཅས་རིགས“3”གྱིས་གཙོ་ཁྲིད་བྱས་པའི་ཐོན་ལས་ཤིག་ཡིན་ལ།  ལོ་རེར་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད།

 

        གྲོང་གསེབ་དར་རྒྱས་དང་ཞིང་ལས་སྤུས་ཚད་མཐོ་རུ་གཏོང་བའི་ལག་ལེན་ཐད་དཔེ་མཚོན་དུ་གྱུར་ཡོད་པའི་ངོས་ནས། སྤྱི་ལོ་2021ལོར་གླིང་ཁུལ་དུ་སྔོ་ཚལ་མུའུ་5800བཏབ་པ་དང་། སྤྱི་ལོ་2022ལོར་སྔོ་ཚལ་མུའུ་7700བཏབ་པ་རེད། ལོ་རེའི་ས་ཞིང་ཐོན་སྐྱེད་ཀྱི་ཕན་འབྲས་མུའུ་རེར་སྒོར་2492.03ཟིན་པ་དང་། ས་ཆ་དེ་གའི་ས་ཞིང་ཐོན་སྐྱེད་ཀྱི་ཕན་འབྲས་ལས་13.88%མཐོ་བ་རེད། མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་དེ་སྤྱི་ལོ་2020ལོའི་ཟླ་12པར་ཁུལ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་གྱུར་པ་དང་། སྤྱི་ལོ་2022ལོར་མུ་མཐུད་དུ་ཞིང་ཆེན་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་དུ་བསྐྲུན་རྒྱུ་རེད། ། 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1