ས་སྐྱ་དགོན་གྱི་རྒྱལ་ནོར་རིམ་པའི་གཅེས་ཉར་ནོར་བུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-14



  

    ད་ལོའི་ཟླ4པ་ནས་བཟུང་། འབྲས་སྤུངས་དགོན་པའི་ཡན་ལག་དཔེ་མཛོད་ཁང་དང་གནའ་དཔེ་འགྲེམ་ཁང་གི་སྒོ་བྱང་བཀལ་ཚུན།བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྔ་རྗེས་སུ་གཙུག་ལག་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་དུ་གཞི་རིམ་གྱི་སྤྱི་པའི་རིག་གནས་ཡུལ་སའི་ཚོད་ལྟའི་འཛུགས་སྐྲུན་ལས་དོན་ལེགས་པར་བསྒྲུབས་ཏེ། ས་ཚིགས་བཞི་པ་ས་སྐྱ་དགོན་དུ་སླེབས། 

  

སྒོ་བྱང་འགེལ་བའི་ཡུལ་དངོས། 

  ཁ་སང་སྔ་དྲོར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ས་སྐྱ་དགོན་པའི་ཡན་ལག་འགྲེམ་ཁང་སྟེ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ས་སྐྱ་དགོན་པའི་གནའ་དཔེ་ཁང་དང་། བོད་རང་སྐྱོང་ལྗོངས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ས་སྐྱ་དགོན་པའི་ཡན་ལག་འགྲེམ་ཁང་། གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་ས་སྐྱ་དགོན་དུ་དངོས་སུ་སྒོ་བྱང་བཀལ་བ་རེད།  

  

“གངས་ལྗོངས་ཏུན་ཧོང”ཞེས་འབོད་པའི་ས་སྐྱ་དགོན་པ། 

  ས་སྐྱ་དགོན་པ་ནི་སྤྱི་ལོ1073ལོར་བཙུགས་པ་དང་། ཀྲུང་གོའི་ལོ་རྒྱུས་དང་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག གོ་གནས་གལ་ཆེན་བཟུང་ཡོད། འདི་ནི་བོད་ལྗོངས་ཀྱི་ནང་བསྟན་རིག་གནས་ཀྱི་བང་མཛོད་ཅིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་གནས་མཆོག་ཅིག་ཀྱང་ཡིན། དགོན་པའི་ལོ་རྒྱུས་རིང་ཞིང་སྙན་གྲགས་ཆེ་བ་མ་ཟད། ཆོས་བརྩིགས་བྲག་རི་མ་དང་། རྫ་ཆས་རྩ་ཆེན། སྐུ་བརྙན་སྣ་ཚོགས། ལྡེབས་རིས་བྱོན་ལེགས། ཤིང་བརྐོས་ཁྱད་འཕགས་བཅས་བཞུགས་ཡོད་པས།“གངས་ལྗོངས་ཏུན་ཧོང”ཞེས་པའི་མཚན་སྙན་ཐོབ་ཡོད། 

  

    མཚམས་སྦྱོར་བྱས་པར་གཞིགས་ན། ས་སྐྱ་དགོན་ཆགས་སའི་ས་སྐྱ་རྫོང་མཁར་ནི། དུས་རབས13པའི་སྐབས་སུ། ཀྲུང་དབྱང་རྒྱལ་རབས་ཀྱིས་བོད་ལྗོངས་ལ་བཅོས་སྐྱོང་ནུས་ལྡན་བྱས་པའི་དཔང་བོར་གྱུར་ཡོད། དེ་ཡང་བོད་ལྗོངས་ས་གནས་དང་ཀྲུང་དབྱང་རྒྱལ་རབས་ཀྱི་ས་ཁུལ་གཞན་དག་དབར། འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པའི་ལྟེ་གནས་སུ་གྱུར་ཏེ། སྲོལ་རྒྱུན་གྱི་ཟློས་གར་དང་། གླུ་གར། དམངས་སྲོལ་སོགས། གཟུགས་འདས་ཤུལ་བཞག་རིགས40ལྷག་ཙམ་བྱུང་ཡོད། 

  

ཉར་ཚགས་དངོས་པོ། 

    ད་ལྟའི་བར་དུ་ས་སྐྱ་དགོན་པས་སྔར་བཞིན་ཡོན་མིང་དུས་སྐབས་ཀྱི་རྫ་ཆས་འབོར་ཆེན་དང་། གནའ་དཔེ་རིགས10000ལྷག་ཙམ་ཉར་ཚགས་བྱས་ཡོད། ད་ལྟ་ཉར་ཚགས་བྱས་པའི་དཔེ་ཆ་བམ་པོ40000ལས་བརྒལ་ཞིང་། ས་སྐྱ་ལེགས་བཤད་ནི་མི་རབས་ནས་མི་རབས་བར། ས་མཐོའི་བུ་ཕྲུག་གི་སྲོག་རྒྱུན་སློབ་གསོའི་ཀློག་དེབ་དུ་བྱས་ཏེ། ད་ལྟའི་བར་རྒྱུན་འཛིན་བྱས་ཡོད། 

  

 དབྱིག་ནོར་ཁང་གི་རྫ་ཆས། 

  

ས་སྐྱ་དགོན་པའི་ཆོས་བརྩིགས་བྲག་རི་མ། 

  

རིན་པོ་ཆེ་སྣ་ཚོགས། 

 

 

 

ཏཱ་ལའི་ལོ་མའི་ཆོས་དཔེ། 

    བོད་ལྗོངས་རིག་དངོས་སྡེ་ཚན་གྱིས་གསལ་འབྱེད་བྱས་པར་གཞིགས་ན། ས་སྐྱ་དགོན་པའི་འགྲེམ་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ནི། མིང་ཞོན་ཏི་མེ་ཏོག་སྔོན་པོ་ཚོས་ལྔ་ཅན་གྱི་རི་མོའི་དཀར་ཡོལ་ཡིན་ཞིང་། དེ་ནི་རྒྱལ་ནོར་རིམ་པའི་རྫ་ཆས་སུ་གཏོགས། ས་སྐྱ་དགོན་པར་གོང་མའི་ཕོ་བྲང་ལས་འཁྱེར་འོངས་པའི་རྫ་ཆས་ཀྱི་གྲངས་འབོར2000ལ་ཉེ་བ་ཡོད། ཞོན་ཏི་མེ་ཏོག་སྔོན་པོ་ཚོས་ལྔ་ཅན་གྱི་དཀར་ཡོལ་དང་ཞབས་མཐོ་བའི་དཀར་ཡོལ་ནི། ད་ལྟའི་བར་དུ་གསར་རྙེད་བྱུང་བའི་ལོ་རབས་ཆེས་སྔ་བ་དང་། ཉར་ཚགས་ཆེས་ཡག་ཤོས་ཀྱི་ཞོན་ཏེ་མེ་ཏོག་སྔོན་པོ་ཚོས་ལྔ་ཅན་གྱི་རྫ་ཆས་ཡིན་ལ། མིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས། ས་སྐྱ་དགོན་པར་གནང་བའི་དངོས་པོའི་བདེན་དཔང་ཞིག་ཀྱང་ཡིན། 

  

        མུ་མཐུད་དུ་འབད་བརྩོན་བྱེད་པ། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་དུས་འགོའི་ལས་དོན་གྱི་རྨང་གཞིའི་ཐོག མུ་མཐུད་དུ་འབད་བརྩོན་བྱས་ཏེ།“རིག་དངོས་གསོན་ཐུབ་པ། གཟུགས་འདས་ཤུལ་བཞག་འཕུར་ཐུབ་པ། གནའ་དཔེ་སྤྱོད་ཐུབ་པ”བཅས་ཡོང་བར་བྱེད་པ་དང་། ལྗོངས་ཡོངས་ཀྱི་གཙོ་གནད་དགོན་སྡེའི“འགྲེམ་ཁང་གསུམ”འཛུགས་སྐྲུན་ཆེན་པོ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

  


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1