ཉེ་ཆར《གངས་འཁྱགས་ཚོམས》དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་ཞིག་ནང་། ནེའུ་ཙི་ལན་གྱི་ཁན་ཐེ་པོ་ལེ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ལྷོ་སྣེ་གླིང་དུ་གསར་དུ་བབས་པའི་ཁ་བའི་ཁྲོད་འགྱིག་ཕྲན་ཐོག་མར་ཤེས་རྟོགས་བྱུང་ཡོད་ཅེས་འཁོད་ཡོད་པ་རེད། དབྱེ་ཞིབ་བྱས་པ་ལྟར་ན། རིལ་ཕྲན་འདི་དག་གི་ནང་དུ་སྤོས་འགྱིག་གི་གྲུབ་ཆ་རིགས་13འདུས་ཡོད། དེའི་ནང་དུ་ཆེས་རྒྱུན་མཐོང་གི་བཏུང་ཆུའི་དམ་བུ་དང་ལྭ་བ་བཟོ་བར་བཀོལ་བའི་PETའདུས་ཡོད།
ཞིབ་འཇུག་མི་སྣས་ངོས་འཛིན་བྱས་པར་གཞིགས་ན། སྤོས་འགྱིག་ཕྲ་མོས་ལྷོ་སྣེའི་བཟའ་བཅའི་མུ་ཕྲེང་ལ་ཉེན་ཁ་བཟོ་སྲིད། གོང་གི་ཞིབ་འཇུག་ལས་གསལ་བཤད་བྱས་པ་ལྟར་ན། སྤོས་འགྱིག་ཕྲ་མོས་གཡེང་སྐྱོད་སྲོག་ཆགས་ཀྱི་སྐྱེ་དངོས་བརྒྱུད་རིམ་ལ་གནོད་རྐྱེན་བཟོ་བ་མ་ཟད། སྐམ་སའི་གཟན་ཕྲེང་གི་རྨང་གཞི་གྲུབ་པའི་ལྷོ་སྣེའི་གློ་ཉ་ལ་ཡང་ཤུགས་རྐྱེན་བཟོ་སྲིད།