ལྷ་ས་སྐྱིད་ཆུའི་ཆུ་སྒོ་དང་པོ་བེད་སྤྱོད་གཏོང་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-15



 

        ཟླ་6ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་པའི་ཆུ་སྒོ་དང་པོ་སྟེ། ལྷ་ས་སྐྱིད་ཆུའི་ཆུ་བབ་ཚོད་འཛིན་མཛུབ་ཁྲིད་ལས་གྲྭ(གཙང་འགྲམ་མེ་ཏོག་ལྡུམ་རའི་དུམ་བུ)ལས་མཇུག་འགྲིལ་བ་དང་འབྲེལ་ནུས་པ་འདོན་འགོ་ཚུགས་ཡོད། རྣམ་གྲངས་བསྐྲུན་རྗེས་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་ནུས་ལྡན་ངང་སྲུང་སྐྱོང་དང་ལེགས་སུ་ཕྱིན་ནས་ཆུ་འཁོར་སྐྱོད་ཡག་པོ་དང་། སྐྱེ་ཁམས་ཁོར་ཡུག་ཡག་པོ། གྲོང་ཁྱེར་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཀྱི་མ་ལག་ཆགས་པར་སྐུལ་འདེད་གཏོང་ཐུབ། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གནས་129མཁོ་འདོན་བྱས་པ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་རིམ་རྩིས་བྱས་ན་གླ་ཕོགས་སྒོར་ཁྲི་522.33སྤྲད་པ། སྒྲིག་ཆས་བོགས་མར་གཏོང་བ་སོགས་ཀྱི་རྣམ་པར་བརྟེན་ནས་ལྷ་སར་ཡོང་འབབ་སྒོར་ཁྲི་3500ལྷག་ཙམ་བཏོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1