དབྱར་ཟླ་ཚེས་རྗེས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སྐྱེ་སྟོབས་རབ་ཏུ་རྒྱས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི1ཙམ་ཡོད་པའི་བརླན་ས་དང་ཆུ་ཁོངས་སྐྱེ་ཁམས་མ་ལག་འདི་ནི། ཁྲུང་ཁྲུང་སྐེ་ནག་སོགས་ཆུ་བྱའི་རིགས་ཀྱི་བསྟི་གནས་སུ་གྱུར་ཡོད། ཉེ་བའི་ལོ་འདི་འགར། སྲུང་སྐྱོབ་ཁུལ་གྱི་འདབ་ཆགས་ཀྱི་གྲངས་འབོར་ནི། སྔོན་གྱི་རིགས14དང་ནང་ཚན28དང་སྣ་ཁ61ཡོད་པ་ནས། མིག་སྔའི་རིགས16དང་ནང་ཚན39དང་སྣ་ཁ132སུ་འཕེལ་ཡོད་པ་དང་། དེའི་ཁྲོད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ནི་སྤྱི་ལོ1984ལོར་སྲུང་སྐྱོབ་ཁུལ་བཙུགས་པ་ནས་བཟུང་། ལོ་རེར་ཆ་སྙོམས་ཀྱིས170ནས180བར་འཕེལ་བཞིན་ཡོད་ལ། ཁྲུང་ཁྲུང་མགོ་ཁྲའང་སྔོན་གྱི་བརྒྱ་ཕྲག་ཙམ་ནས་ད་ལྟའི་ཁྲི1ལྷག་ཏུ་འཕེལ་ཡོད། ཁྲུང་ཁྲུང་ནག་པོ་དང་གག་དམར། ངང་པ་སོགས་བྱ་རིགས་ཀྱི་གྲངས་འབོར་ཡང་མངོན་གསལ་གྱིས་མང་དུ་འཕེལ་བཞིན་ཡོད།
ནུབ་ཁའི་ཉི་ཟེར་འོག་གི་རོང་པོ་ཐང་བརླན་ས།
གཤོག་རུ་རྐྱོངས་དང་རྩེད་འཇོར་རོལ།
ཁ་བའི་ཁྲོད་ཀྱི་ཝ་དམར།
འདབ་ཆགས་འཕུར་ལྡིང་རྩེན་པས། བརླན་སའི་ལྷིང་འཇགས་དཀྲོགས་སོང་།
རྒུམ་བུ་འཚོལ་བཞིན་པའི་ངང་སེར་ཆ་གཅིག