ལུས་ཀྱི་ཁྲག་རྩ་ནི་ཁྱིམ་ཚང་གི་ཆུ་སྦུག་ནང་བཞིན། ཡུན་རིང་འགོར་ན་ནང་དུ“གད་སྙིགས”བསགས་ནས་ཁྲ་ལེབ(斑块)ཆགས་པ་དང་། ཁྲ་ལེབ་དེ་དག་རྐྱེན་གང་ཞིག་གིས་གས་པར་བྱས་ན། འཕྲལ་མར་ཁྲག་རྡོག་ཏུ་འགྱུར་བའམ་ཡང་ན་ཁྲག་རྒྱུན་འགག་པར་བྱེད་པ་ཡིན།
གཅིག མི་ཚང་མའི་ཁྲག་རྩའི་ནང་དུ་ཁྲ་ལེབ་འདི་འདྲ་ཡོད་དམ།
གསོ་བ་རིག་པ་ལས་སྟབས་བདེའི་འགྲེལ་བཤད་བྱས་ན། དེ་ནི་ཁྲག་རྩ་རྒས་འགྱུར་བྱུང་བ་ཡིན། ཁྲག་རྩ་རྒས་འགྱུར་བྱུང་རྗེས། ཁྲ་ལེབ་འབྱུང་བའི་ཉེན་ཁ་ཆེ་བ་དང་། རྒྱུན་ལྡན་གྱི་གནས་ཚུལ་འོག ཁྲ་ལེབ་ནི་ལོ་ལྔ་བཅུའི་ཡས་མས་ལ་ད་གཟོད་དལ་གྱིས་ཆགས་པ་ཡིན། ཡིན་ནའང་། དངོས་བཅོས(临床)ལས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་སུམ་ཅུ་ལྷག་གི་ལོ་ཆུང་ཚོའི་ཁྲ་ལེབ་བྱུང་ཚད90%ཟིན་ཡོད་པས། ལོ་ཆུང་ཡིན་ནའང་སྣང་མེད་དུ་འཇོག་མི་རུང་།
གཉིས། ཁྲག་རྩའི་ནང་དུ་ཁྲ་ལེབ་ཇི་ལྟར་ཆགས་པ་ཡིན་ནམ།
ལུས་ཀྱི་ཁྲག་རྒྱུན་ནང་དུ། མངར་སྣུམ་དང་མཁྲིས་རྒྱུ་གཤེར་རྩི་སོགས་ཀྱི་ཁྲག་ཞག་གི་འདུས་ཚད་ངེས་ཅན་ཞིག་ཡོད། ཁྲག་ཞག་འདི་དག་གི་འདུས་ཚད་ཇེ་མཐོར་གྱུར་པ་དང་། ལྷག་པར་དུ་ཁྲག་རྩའི་ནང་དུ་སྟུག་ཚད་དམའ་བའི་སྤྲི་དཀར་ཞག་སྤུངས་པ་ཇི་ལྟར་མང་ན། འཕར་རྩའི་ལྡེམ་གཤིས་དེ་ལྟར་ཞན་ཞིང་ཁྲག་རྩ་ཡང་ཇེ་དོག་ཏུ་གྱུར་ནས་སྲ་འགྱུར་གྱི་ཁྲ་ལེབ་ཆགས་པ་ཡིན།
གསུམ། ཁྲ་ལེབ་ཀྱིས་ཁྲག་རྩ་ཇེ་དོག་ཏུ་བཏང་ན་ཚེ་སྲོག་ལ་གནོད་དམ།
མཇིང་པའི་འཕར་རྩ་ཇེ་དོག་ཏུ་གྱུར་ན། ཚེ་སྲོག་ལ་མི་གནོད། ཡིན་ནའང་། མཇིང་པའི་འཕར་རྩ་ཇེ་དོག་ཏུ་གྱུར་པའི་ཚད་རིམ་དང་ཁྲ་ལེབ་ཀྱི་བརྟན་འཇགས་ཡིན་མིན་ནི་ཆེས་གནད་འགག་ཡིན། གལ་ཏེ། ཁྲ་ལེབ་བརྟན་འཇགས་མིན་ན། དེ་ཉིད་གས་ཏེ་ཁྲག་རྡོག་ཏུ་འགྱུར་བ་དང་། ཁྲག་རྡོག་གིས་ཁྲག་རྒྱུན་བཅད་པ་བརྒྱུད་ནས་ཀླད་རྩ་འགག་པ་དང་སྙིང་རྩ་འགག་པ་སོགས་སྙིང་དང་ཀླད་པའི་ཁྲག་རྩ་ཡི་ནད་རིགས་ཚབས་ཆེན་སྐོར་ཞིག་བསྐྱེད་པ་ཡིན།
བཞི། ལུས་ཀྱི་གནས་གང་དུ་ཁྲ་ལེབ་བྱུང་ན་ཉེན་ཁ་ཆེས་ཆེ་བ་ཡིན་ནམ།
འཕར་རྩ་ནི་ལུས་ཡོངས་ལ་ཁྱབ་ཡོད་པས། གནས་གང་དུ་ཡོད་ནའང་ཉེན་ཁ་ཆེ་བ་ཡིན། སྙིང་གི་འཕར་རྩ་རེངས་པར་གྱུར་ན་སྙིང་རྩ་འགག་པ་དང་ཀླད་པའི་ཁྲག་རྩ་རེངས་ན་ཀླད་ཁྲག་ཤོར་བ། མཇིང་པའི་ཁྲག་རྩ་འགག་ན་གཟའ་ཕོག་པ། རྐང་པའི་འཕར་རྩ་རེངས་ན་རྐང་པ་ན་བ་དང་འགུལ་སྐྱོད་ཀྱི་ནུས་པ་མེད་པ། ཐ་ན་རྐང་པ་ཞ་བོར་འགྱུར་བ་སོགས་ཀྱང་འབྱུང་།
ལྔ། ཁྲག་རྩའི་ནང་དུ་ཁྲ་ལེབ་འབྱུང་བའི་རྒྱུ་རྐྱེན་གང་དག་ཡོད་དམ།
ཁྲག་རྩའི་ནང་དུ་ཁྲ་ལེབ་འབྱུང་བའི་རྒྱུ་རྐྱེན་ལ། ལུས་ཀྱི་ཁྲག་མངར་མང་བ་དང་ཁྲད་ཤེད་མཐོ་བ། ཁྲག་ཞག་མང་བ་བཅས་ལས་གཞན། ད་དུང་ཐ་མག་འཐེན་པ་དང་ཚོན་པོ་ཡིན་པ། མཚན་འཁྱོངས་བྱེད་པ། རྩལ་སྦྱོང་ཉུང་བ། རྒྱུད་པ་དང་འབྲེལ་བ་སོགས་ཀྱང་ཡོད།