ཨུ་རུ་སུས་དབྱིན་ཇིའི་སྤྱི་དམངས་49བཀག་སྡོམ་མིང་ཐོའི་ནང་བཅུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-16



      ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཚེས་14ཉིན་གསལ་བསྒྲགས་སྤེལ་ནས། དབྱིན་ཇིའི་སྨྱན་སྦྱོར་དང་དབྱིན་ཇིའི་རྒྱལ་སྲུང་དམག་དོན་བཟོ་ལས་སྡེ་ཁག་ནས་ཡོང་བའི་མི་49བཀག་སྡོམ་མིང་ཐོའི་ནང་བཅུག་ཡོད་པ་ཁྱབ་བསྒྲགས་བྱས།

     ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཐོག་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་དབྱིན་ཇིའི《ཝེ་ཚགས་པར》དང་དབྱིན་ཇིའི་རྒྱང་བསྒྲགས་ཀུང་སི(BBC)སོགས་དབྱིན་ཇིའི་སྨྱན་སྦྱོར་གྱི་མི་29ཨུ་རུ་སུའི་རྒྱལ་ཁོངས་འཛུལ་མི་ཆོག་པའི་མིང་ཐོའི་ནང་བཅུག་ཡོད། རྒྱུ་མཚན་ནི་མི་དེ་དག་ཨུ་རུ་སུ་དང་ཡུག་རེན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྫུན་མ་དང་ཕྱོགས་རེ་བའི་ཆ་འཕྲིན་བསམ་བཞིན་དུ་ཁྱབ་སྤེལ་བྱེད་པར་ཞུགས་ཏེ་དབྱིན་ཇིའི་སྤྱི་ཚོགས་ལ་ཨུ་རུ་སུར་འཇིགས་སྐྲག་བསམ་པ་ཡོང་དུ་བཅུག་པས་རེད། 

     གཞན་ཡང་། རྒྱལ་སྲུང་རྒྱལ་དོན་བློན་ཆེན་ཅེ་ལི་སྨི་•ཁུའེ་དབྱིན་ཚུད་པའི་དབྱིན་ཇིའི་རྒྱལ་སྲུང་དམག་དོན་བཟོ་ལས་སྡེ་ཁག་གི་མི་སྣ་20ཡུག་རེན་ལ་མཚོན་ཆ་མཁོ་འདོན་གྲོས་ཆོད་འཇོག་པའི་ནང་ཞུགས་པའི་རྐྱེན་གྱིས་བཀག་སྡོམ་གྱི་མིང་ཐོའི་ནང་བཅུག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1