ཐོན་ལས་འཕེལ་རྒྱས་ཕྱིན། ཡོང་འབབ་སེམས་ཁྲལ་མེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-16


  

        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དེང་རབས་ཞིང་ལས་ཐོན་ལས་གླིང་འཕེལ་རྒྱས་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལས་ཕྱོད་ཆེ་བའི་ཞིང་ལས་དང་། ཚན་རྩལ་ཞིབ་སྤེལ། ལྟ་སྐོར་སྤྲོ་གསེང་བཅས་གཅིག་ཏུ་བསྡུས་པའི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་སྐྱེད་སྲིང་བྱས་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ས་གཙང་ཐོན་ལས་གླིང་གི་རིག་ནུས་དྲོད་ཁང་ཆེ་མོའི་རྣམ་གྲངས་གཉེར་སྐྱོང་བྱས་པ་ནས་བཟུང་། ངལ་རྩོལ་ནུས་ཤུགས་བསྡུ་བ་དང་རྩལ་ནུས་ཆུ་ཚད་མཐོར་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་ཀྱི་མང་ཚོགས་ལ་མེ་ཏོག་སྣ་ཚོགས་དང་། སྨན་རྒྱུ། ཤིང་ཏོག་བཅས་འདེབས་འཛུགས་དང་། གཡོག་བྱེད། འཐུ་བའི་ལག་རྩལ་བཅས་རྒྱུས་ལོན་བྱེད་དུ་བཅུག་ནས་མང་ཚོགས་སྒོ་རྩ་ནས་ལས་ཞུགས་ཐུབ་པ་དང་སྒོ་རྩ་ནས་འབབ་འཕར་ཡོང་བ་བྱས་ཤིང་། འདི་ནི་ལག་རྩལ་མི་སྣས་ས་གནས་ཀྱི་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་སློབ་བཞིན་པའི་རྣམ་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1