བླ་བྲང་དགོན་པའི་ལྡེབས་རིས་ལ་སྲུང་སྐྱོབ་དང་ཞིག་གསོ་མཛད་པའི་འཆར་གཞི་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17



         ཏུན་ཧོང་ཞིབ་འཇུག་གླིང་གིས་སྤྱི་ཚེས་11ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཁོང་ཚོས་མི་འགྱངས་བར་ལོ་ངོ་300ལྷག་གི་ལོ་རྒྱུས་དང་ལྡན་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྡེབས་རིས་ལ་སྲུང་སྐྱོབ་དང་ཞིག་གསོ་བྱེད་རྒྱུ་ཡིན་ཞིང་། ལོ་གཉིས་ནང་ལེགས་འགྲུབ་བྱ་བའི་འཆར་གཞི་བཀོད་འདུག

          བླ་བྲང་དགོན་པ་ནི་ཀན་སུའུ་ཞིང་ཆེན་ཀན་ནན་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཆགས་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན་ལ། དེ་སྔ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་ས་ཁུལ་བཅས་ཀྱི་རིག་གནས་དང་། ཆོས་ལུགས་བྱ་འགུལ་གང་མང་སྤེལ་ཡུལ་ཡིན། ད་ལྟ་དགོན་པ་དེར་ནང་བསྟན་སློབ་གླིང་ཆེན་པོ་དྲུག་དང་། གྲྭ་ཚང་48་དང་གྲྭ་ཤག་500ལྷག་བཅས་ཡོད་ལ། ལྡེབས་རིས་ནི་བླ་བྲང་དགོན་པའི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཆ་གཙོ་ཞིག་ཏུ་གྱུར་ཡོད།

           བླ་བྲང་དགོན་པའི་ལྡེབས་རིས་སྲུང་སྐྱོབ་འཆར་གཞིའི་ཡི་གེར་2014ལོའི་ཟླ་6པར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་བཀོད་ཅིང་། ལེགས་བཅོས་ཀྱི་བསམ་ཚུལ་དང་བཅས་ཏེ་ཀན་སུའུ་ཞིང་ཆེན་རིག་དངོས་ཅུས་ལ་ཞུས་ནས་མཐར་མཆོག་མཆན་ཐོབ་ཡོད། ཏུན་ཧོང་ཞིབ་འཇུག་གླིང་རིག་དངོས་སྲུང་སྐྱོབ་དང་ཞིག་གསོའི་ལྟེ་གནས་ཀྱིས་ཉེ་ལམ་སྒྲུབ་འགན་གཙང་ལེན་བྱས་ནས། ད་ལོའི་ཟླ་4པ་ཡས་མས་ལ་དངོས་སུ་ཞིག་གསོ་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1