༄༅།།ལམ་ཐིག་སྟག་རིས་ཅན་ནས་སྐྱོད་སྐབས་གུས་ཞབས་བྱ་རྒྱུ་དེ་གོམས་གཤིས་སུ་འཇགས་པ་བྱེད་དགོས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 06-27


   ལམ་ཐིག་སྟག་རིས་ཅན་ནི་ཚེ་སྲོག་ལམ་ཐིག་ཅིག་ཡིན་པས་ལམ་ཐིག་སྟག་རིས་ཅན་ནས་སྐྱོད་སྐབས་གུས་ཞབས་བྱ་རྒྱུ་ནི་ཚེ་སྲོག་ལ་བརྩི་བཀུར་ཞུ་བ་ཞིག་རེད། ད་ཕན་ལོ་ཤས་རིང་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་ཐོན་པའི་ལས་འཛོལ་གྱི་བསླབ་བྱ་དག་ལས་འབྲེལ་ཡོད་སྡེ་ཚན་ལ་བསམ་གཞིག་ཉེན་བརྡ་བཏང་བ་སྟེ། རྒྱུན་སྲིང་ལྷོད་མེད་ངང་ཁྲིམས་འཛིན་ནན་པོ་བྱེད་དགོས་ལ་ད་དུང་འགྲིམ་འགྲུལ་གྱི་ཡ་རབས་བྱ་སྤྱོད་ཁྱབ་སྤེལ་ཤུགས་ཆེན་བཏང་ནས་ལམ་ཐིག་སྟག་རིས་ཅན་ནས་སྐྱོད་སྐབས་གུས་ཞབས་བྱེད་པ་དེ་ནང་སེམས་སུ་འཇགས་པ་དང་ཕྱི་དོན་དུ་འཁྱོལ་བ་བྱེད་དགོས་པ་དེ་རེད།


ལམ་ཐིག་སྟག་རིས་ཅན་ནས་སྐྱོད་སྐབས་གུས་ཞབས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་པར་ད་དུང་ཁྲིད་སྟོན་བྱ་ཐབས་གསར་གཏོད་བྱེད་དགོས་པ་དང་སྤྱི་ཚོགས་ཐོག་འགྲིམ་འགྲུལ་ཡ་རབས་ཀྱི་ཐུན་མོང་ངོས་འཛིན་ཧུར་ཐག་ངང་ཆགས་པ་བྱེད་དགོས། དཔེར་ན། པེ་ཅིང་གི་ལམ་མདོ་ཁག་གཅིག་ཏུ་ཉེ་ཆར་གཡས་སུ་ཁ་ལོ་སྒྱུར་བའི་ཆེད་སྤྱོད་གློག་ལྗང་སྒྱུར་བཅོས་བྱས་ཤིང་། དེ་སྔོན་གློག་ལྗང་སྐབས་གཡས་སུ་འགྲོ་མཁན་རླངས་འཁོར་བསྐྱོད་ཆོག་པ་ནས་ད་ཆ་གློག་སེར་མིག་འཚུམ་རྒྱག་སྐབས་རླངས་འཁོར་གྱིས་ལམ་འགྲུལ་པ་དང་འཕྲུལ་སྒུལ་མིན་པའི་འཁོར་ལོ་རྣམས་སྔོན་ལ་འགྲོ་རུ་བཅུག་པའི་རྨང་གཞིའི་ཐོག་སྐྱོད་ཆོག་གི་ཡོད། ཁྲིམས་འཛིན་ནན་པོ་དང་འགྲིམ་འགྲུལ་ཡ་རབས་ཀྱི་འབོད་སྐུལ་དང་བརྡ་གཏོང་གློག་སྒྲོན་སྒྱུར་བཅོས་སོགས་ཀྱི་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱས་པས་མངོན་གསལ་དོད་པའི་ཁྲིད་སྟོན་ནུས་པ་ཐོན་ཐུབ།


ཡ་རབས་ཀྱི་གོམས་གཤིས་ལས་ཕན་ཚུན་ཤུགས་རྐྱེན་དང་སྐུལ་འདེད་ཐེབས་ཀྱི་ཡོད། ལམ་ཐིག་སྟག་རིས་ཅན་ནས་སྐྱོད་སྐབས་གུས་ཞབས་བྱེད་མཁན་རླངས་འཁོར་མང་དུ་དང་འགྲོ་ལམ་གང་བྱུང་དུ་འཕྲེད་བཅད་གཏོང་མཁན་ལམ་འགྲུལ་པ་ཉུང་དུ་སོང་ཚེ“ལམ་ཐིག་སྟག་རིས་ཅན་ཐོག་གི་ལས་འཛོལ”དང“ལམ་ཁའི་ཁོང་ཁྲོ”སོགས་ཐོན་ཚད་ཉུང་དུ་འགྲོ་ངེས་རེད། དེས་མ་ཚད་མི་རྣམས་ཀྱི་ཕྱིར་སྐྱོད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་དུས་མཚུངས་རླངས་འཁོར་སྤྱི་ཚོགས་ཀྱང་ཕན་ཚུན་གུས་ཞབས་བྱེད་པ་ལས་ཞི་མཐུན་དང་ཤར་བགྲོད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1