ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། དབྱི་ལང་ལྷོ་རྒྱུད་ཀྱི་ཧོའར་མུའུ་ཙི་ཀན་ཞིང་ཆེན་དུ་ས་ཡོམ་རིམ་པ་ལྔ་དང་གྲངས་ཆུང་དྲུག་བྱུང་ནས། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུར་རྨས་སྐྱོན་ཕོག
བསྒྲགས་པའི་གནས་ཚུལ་ལྟར་ན། ཅི་ཧྲི་གླིང་ཕྲན་གྱི་སྨན་བཅོས་སྒྲིག་གཞིའི་འགན་འཁུར་བ་ཞིག་གིས་བཤད་རྒྱུར། ས་ཡོམ་ལས་ཤི་རྨས་བྱུང་བའི་མིའི་ནང་དུ་སྐྱེས་པ་བཅུ་དགུ་དང་བུད་མེད་བཅུ་གཉིས་ཚུད་ཡོད་ཅིང་། ཅི་ཧྲི་གླིང་ཕྲན་གྱི་སྨན་ཁང་ཚང་མས་གོང་རིམ་གྱི་བཀའ་ལ་སྒུག་ནས། གློ་བུར་དུ་བྱུང་བའི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་འཇལ་བཞིན་ཡོད་ཟེར། །