རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་གཙུག་དམར་ཞིག་སྐྱོབ་ཐུབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-27


 

   ཉེ་དུས། ལས་འགན་སྒྲུབ་བཞིན་པའི་མངའ་རིས་ས་ཁུལ་མ་ཡུམ་ཟམ་ཆེན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པར་གློ་བུར་དུ་ཕར་འགྲོ་ཚུར་འོང་ཡུལ་སྐོར་བས་ལམ་བར་དུ་མཐོང་བའི་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་གཙུག་དམར་ཞིག་སྐྱོབ་རོགས་ཟེར་བའི་ཉེན་སྐྱོབ་རེ་ཞུ་ཞིག་འབྱོར་ཡོད་པ་རེད།

    ཞིབ་བཤེར་བྱས་རྗེས། ཁྲུང་ཁྲུང་གཙུག་དམར་དེའི་མགོ་དང་གཤོག་པ། རྐང་པ་སོགས་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ་ཤེས་ཡོད།། ཁྲུང་ཁྲུང་གཙུག་དམར་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ས་ཚིགས་དེས་ལམ་སེང་མ་ཡུམ་ལ་བཅའ་སྡོད་སྤུ་ཧྲེང་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་ཀྱི་སྨན་དོན་མི་སྣར་འབྲེལ་བ་བྱས། རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་གཙུག་དམར་གྱི་རྨས་སྐྱོན་གནས་ཚུལ་ལ་ཞིབ་བཤེར་རགས་ཙམ་བྱས་པ་དང་འབྲེལ་རྨ་ཁར་སྟབས་བདེའི་སྨན་བཅོས་ཀྱང་བྱས་པ་རེད། 

  

    དེ་དང་ཆབས་ཅིག ས་ཚིགས་དེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནགས་ལས་ཅུས་དང་འབྲེལ་བ་ཧུར་ཐག་བྱས་ཏེ་ཞིབ་བཤེར་ས་ཚུགས་སུ་ཆེད་ལས་མི་སྣ་མངགས་ནས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་གཙུག་དམར་ལ་སྔར་བས་རོགས་སྐྱོབ་བྱ་རྒྱུའི་རེ་བ་བཏོན་པ་རེད། མིག་སྔར་རྨས་སྐྱོན་ཕོག་པའིཁྲུང་ཁྲུང་གཙུག་དམར་ནི་སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱི་ཆེད་ལས་མི་སྣར་རྩིས་སྤྲད་རྗེས་ཁོང་ཚོས་སྤུ་ཧྲེང་རྫོང་ནགས་ལས་ཅུས་ལ་ཁྱེར་ནས་མུ་མཐུད་སྐྱོབ་བཅོས་བྱ་རྒྱུ་ཡིན་པ་རེད། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1